| e-texts navigator |
| Wylie |
96a1 ཟད་པར་བྱ་སྟེ། སངས་རྒྱས་ཀྱི་ཁམས་རྟོགས་པར་འགྱུར་རོ།། གསོལྡ་པ། བཅོམ་ལྡན་འདས་ཅི་ལེགས། སེམས་ཅན་ཐམས་ཅད་དང་། དེ་བཞིན་གཤེགས་པ་རྣམས་ཐ་དད་པ་མ་མཆིས་ལས།
96a2 སམ། གལ་ཏེ་དེ་བཞིན་གཤེགས་པ་བསྟནད་པ་དེ་ལྟར་སྟོནད་པར་གྱུར་ན། འདི་ལ་སྐྱོན་ཆེན་པོ་མཆིས་ཏེ། ད་དེའི་རྟེན་ཚིགས་བཀའ་སཿལང་འཚལ་ལགས་སོ།། སེམས་ཅན་ཐམས་ཅད་དང་། རང་སངས་རྒྱས
96a3 རྣམས་ལྟ་ཞོག་ལགས་ཀྱི། དེ་ལྟ་ན། ཤ་རིའི་བུ་ད་པ། མོའུ་འགལ་གྱི་བུ་གཉིས་ཅིའི་སླད་དུ། ཉན་ཐོས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པས། ཡོངས་སུ་མྱ་ངན་འང་ལགས།། རང་སངས་རྒྱས་རྣམས་ཀྱང
96a4 ཅིའི་སླད་དུ། རང་སངས་རྒྱས་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདས་བྲས། ཡོངས་སུ་མྱ་ངན་ལས་འདའ་བར་བགྱིད་ལགས།། བྱང་ཆུབ་སེམས་དཔའ་རྣམས་ཀྱང་། ཅིའི་སླད་དུ། བྱང་ཆུབ་སེམས་དཔའི་སྨོས
96a5 སུ་མྱ་ངན་ལས་འདས་པ་ཆེན་པོས། ཡོངས་སུ་མྱ་ངན་ལས་འང། འབར་མྱི་བགྱིད་ལགས། བཀའ་སཿལ་པ། སངས་རྒྱས་ན། མས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ནི་ཉན་ཐོས་པ
96a6 རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མ་ཡིན། ཏེ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ལ་ནི། སངས་རྒྱས་རྣམས་མ་གཏོགས་པར་གཞན་དག་གི་གནས་མྱེད་དོ།།
96a7 གསོལ་པ། ཅི་ལྟ་བུ་ལགས། བཀའ་སཅལྡ་པ། དེ་བཞིན་གཤེགས་པ་ནི་བསྐལ་པ་བྱེ་བ་ཕྲག་གྲངས་མྱེད་པ་མང་པོ་ཞིག་ན། དེ་བཞིན་གཤེགས་པ་འབྱུང་བ་སྟོནད་པར་མཛད་ན། དེ་བཞིན་ག་ཤེས
96a8 པ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་ཁྱད་པར་ཅི་ཡོད་ཅེ་ན། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་མྱ་ངན་ལས་འདས་པ་གསང་བ་པ་དགྲ་བཅོམ་པ་རྣམས་ཀྱི་གནས་སྐྱེ།
96a9 དོ།། ཞེས་ངས་བསྟནད་ཏེ་དེ་ན་གནས་མྱེད་པ་ཡིན་ནོ།། དེ་བས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མིདོ་ཆེན་པོ་འདིའི་ཚུལ་གྱིས། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་གནས་མྱེད་དོ།།