e-texts navigator
Collection
Volume
Page
Wylie

95b1 བ་ལང་ཀི་ལཱ་ས་མང་པོ་ཡོད་དེ་པ་ལང་སྤུ་ཁ་ཐ་དད་པ་དག་མདོག་ལ། དེའི་ནངས་པ་སྔོན་མོ་དག་ཀྱང་ཡོད་དེ། བ་དེ་དག་པ་ལང་རྫི་ཅིག་འཚོ་ར་བཅུག་གོ།། དེ་ནས་ཁྱིམ་བདག་དེས་ལན་ཅིག་ཅིག་ན།
95b2 རང་གི་ལྷ་མཆོད་པའི་ཕྱིར་བ་ལང་གི་ལྷ་རྣམས་གཅིག་ཏུ་བསྡུས་ནས་ལོ་མ་འཇོར་བཅུག་གོ།། དེ་ནས་འོ་མ་དེ་དག་དུང་གི་མདོག་བཞིན་དུ་དཀར་པོར་འདུག་པ་མཐོང་ནས། རོ་མཚར་དུ་བཟུང་སྟེ་བསམས
95b3 བ་འདི་དག་སྤུ་ཁ་ཐ་དད་པར་འདུག་ན། བ་སྔོན་མོ་འདི་རྣམས་ཀྱི་འོ་མ་ཡང་སྔོན་མོར་མྱི་འདུག་ལ། བ་དཀར་མོ་རྣམས་ཀྱི་ཡང་དེ་དང་འདྲ་སྟེ། རུང་གི་མདོག་ལྟར་འདུག་གོ་སྙམ་མོ།། དེ་ནས་ཕྱིས་ངེས
95b4 རྟོགས་ཏེ་སེམས་ཅན་རྣམས་ཀྱི་རྣམ་པར་སྨིན་པའི་རྒྱུ་ལས་ཀྱུ་རད་པ་ཡིན་པར་བར་བྱའོ་སྙམ་མོ།། རིགས་ཀྱི་བུ་དེ་བཞིན་དུ་ཉ་ན་ཐོས་དང་། རང་སངས་རྒྱས་དང་། དེ་བཞིན་གཤེགས་པ
95b5 ཐམས་ཅད་ཀྱི་རང་བཞིན་ཡང་འོ་མ་དང་འདྲའོ།། ཅིའི་ཕྱིར། ཞེ་ན། དེ་དག་ནི་ཟག་པ་ཟད་པའི་ཕྱིར་རོ།། སེམས་ཅན་ཐམ། ས་ཅད་ཀྱིས་ནི། ཉན་ཐོས་དང་། རང་སངས་རྒྱས་དང་ག་དེ
95b6 བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཐ་དད་པ་དང་། དབྱིབས་ཐ་དད་པར་འཛིན་མོས་ཀྱི།། དེ་དག་གིས་ཀྱང་ཁྱིམ་བདེ་ག་བཞིན་དུ་མཐར་ཀྱིས་ཤེས་པར་འགྱུར་རོ།། རིགས་ཀྱི་བུ
95b7 དཔེར་ན་གསེར་ཁུང་ངམ་ཟངས་ཁུང་ནས། རྡོ་དང་གསེག་མ་མྱེད་པའི་གསེར་གྱི་རང་བཞིན་རིང་ཟད་མྱེད་པ་འབྱུང་བ་དེ་བཞིན་དུ། ཉན་ཐོས་དང་། རང་སངས་རྒྱས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང
95b8 གསེར་དང་འདྲ་བར་རིན་ཐང་དང་རང་བཞིན་གཅིག་གོ།། ཅིའི་ཕྱིར་ཞེ་ན། རྡོ་དང་གསེག་མ་ལྟ་བུའི་ཉོན་མོངས་པ་དང་བྲལ་བའི་ཕྱིར་ཏེ།། དེ་བས་ན་སངས་རྒྱས་ཀྱི་ཡེ་ཤེས་འདི་ལ་ནི་དབྱེར་མྱེད་དོ།། སེཾས
95b9 ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཁམས་ཡོད་པ་ཡང་དེ་དང་འདྲ་སྟེ། ཁྱིམ་བདག་གིས་འོ་མ་ལ་ཇི་ལྟ་བ་བཞིན་དུ་དེ་དག་གིས་ཀྱང་། དེ་བཞིན་གཤེགས་པའི་སྙིང་པོ་མདོ་སྡེ་ཐོས་ནས་ཉོན་མོངས་པའི་རྣམ་པ




iiif viewer powered by OpenSeadragon

95a - 96a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo