e-texts navigator
Collection
Volume
Page
Wylie

95a1 བཞིན་དུ། སྦྲང་བུའི་གཅིན་དང་འདྲ་བར་མ་འོངས་པའི་དུས་ན་མདོ་སྡེ་ཆེན་པོ་འདི་འཇིག་རྟེན་དུ་ཆུང་ཤས་ཙམ་ཞིག་སྤྱོད་པར་འགྱུར་ཏེ།། དམ་པའི་ཆོས་འཇིག་པའི་ཟ་མང་སྦྲང་བུའི་གཅིན་ས་ནེ།
95a2 པོ་ལ་སོང་བ་བཞིན་དུ་ཟད་པར་འགྱུར་རོ།། འདི་ནི་དམ་པའི་ཆོས་ནུབ་པའི་ལྟས་བདུན་པ་སྟེ། ལྟས་གཞན་ཡང་ཡོད་པར་མཁས་པས་ཤེས་པར་བྱའོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན། དབྱར་ཟད་པའི
95a3 འཇུག་དགུན་གྱི་ཟླ་བ་དང་པོ་ནི་སྟོན་ཞེས་བྱ་སྟེ། སྟོནད་ཀྱི་དུས་ལ་བབ་པ་ན་མ་སྨིན་པ་སྨིན་པར་བྱ་བའི་ཕྱིར། སྤྲིན་རྣམས་ཀྱིས་ཆར་ཕབ་ནས། མྱུར་བ་མྱུར་བར་འགྱེས་པ་བཞིན་དུ། མདོ་ཆེན་པོ་འདི་ཡང
95a4 སྟོནད་ཀྱི་སྤྲིན་ཀྱིས་ཆར་ཕབ་ནས། མྱུ་རད་ཏུ་འགྱེས་པ་བཞིན་དུ། ལྷོ་ཕྱོགས་སུ་སོང་ནས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འི་དགོངས་པའི་ཚིག་ཐམས་ཅད་ཀྱི་ཆོས་ཀྱི་ཆར་འབེབས་སོ།།
95a5 དེ་ནས་ལྷོ་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ། ཆེན་པོ་རྣམས་ཀྱི་དམ་པའི་ཆོས་འཇིག་པར་ཤེས་ནས། དགུན། གྱི་དུས་དང་ཉེ་བར་གྱུར་པའི་སྤྲིན་བཞིན་དུ་ཁ་ཆེ་ཡུལ་དུ་སོང
95a6 ནས་ས་ལ་ནུབ་པར་འགྱུར་རོ།། ཐེག་པ་ཆེན་པོའི་མདོ་སྡེ་ཤིན་ཏུ་རྒྱས་བདུད་པའི་མཆོག་གི་དམ་པའི་ཆོས་ཐམ་ས་ཅད་ནུབ་པར་འགྱུར་རོ།། དེ་ལྟར་ན། དེ་བཞིན་གཤེགས
95a7 པས་མཁྱེནད་པའི་མདོའ་སྡེ་འདི་ལག་ཏུ་འོངས་མོད་ཀྱི། དམ་པའི་ཆོས་ནུབ་པར་འགྱུར་རོ་སྙམ་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱི་མཆོག་རྣམས་ཀྱིས་ཤེས་པར་བྱའོ།། གསོལ
95a8 པ་དེ་བཞིན་གཤེགས་པ་དང་། རང་སངས་རྒྱས་དང་། ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་ཁམས་ཐ་དད་པ་མཆིས་པ། སེམས་ཅན་ཐམས་ཅད་ཀྱིས་བདེ་ལ་བླག་ཏུ་རྟོགས་པར་བགྱི་བའི་སླད་དུ།
95a9 བཅོམ་ལྡན་འདས་ཀྱིས་གསལ་ཞིང་། ཟུར་ཕྱིན་པར་བཀལ་ས་\ུ0f7f་ལད་ཏུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སཎལྡ་པ། རིགས་ཀྱི་བུ་དཔེར་ན། ཁྱིམ་བདག་གས་ཁྱིམ་བདག་གི་ཞུ་ཞིག་ལ




iiif viewer powered by OpenSeadragon

94b - 95b

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo