e-texts navigator
Collection
Volume
Page
Wylie

94b1 འདི་ཐོས་ནས་བུད་མྱེད་ཀྱི་རང་བཞིན་ལ་མ་ཆགས་པའི་སེམས་སྐྱེད་པར་བྱ་སྟེ། སྐྱེས་པའི་རང་བཞིན་དུ་འགྱུར་བར་སེམས་བསྐྱེད་པར་བྱའོ།། ཅིའི་ཕྱིར་ཞེ་ན། མདོ་འདི་ན་སྐྱེས་པའི་རང་བཞིན་དེ་བཞིན་གཤེགས་པའི།
94b2 སྙིང་པོ་ཡང་དག་པར་སྟོནད་པ་ཡིན་པའི་ཕྱིར་རོ།། སྐྱེས་པའི་རང་བཞིན་ནི་མྱ་ཞེས་བྱའོ།། དེ་བཞིན་གཤེགས་པའི་རང་བཞིན་ནི་སྐྱེས་པའོ།། འཇིག་རྟེན་ན་སྐྱེས་པ་ཡོད་པ་གང་ཡིན་པ་དེ་དག་ཀྱང་བདག་ཉིད་ལ་དེ་བཞིན
94b3 གཤེགས་པའི་སྙིང་པོ་ཡོད་པར་མྱི་ཤེས་པའི་ཕྱིར། སྐྱེས་པའི་རང་བཞིན་མ་ཡིན་ནོ།། དེ་བཞིན་གཤེགས་པའི་སྙིང་པོ་མྱི་ཞེས་པ་གང་ཡིན་པ་དེ་དག་ནི་བུད་མྱེད་ཡིན་ནོ་ཞེས་ཟེར་རོ།། དེ་བཞིན་གཤེགས་པའི
94b4 སྙིང་པོ་བདག་ལ་ཡོད་དོ་སྙམ་དུ་ཡང་དག་པར་ཤེས་པ་གང་ཡིན་པ་དེ་དག་ནི། སྐྱེས་པའི་མཆོག་ཏུ་རྟོགས་ཏེ། བུད་མྱེད་ཡིན་དུ་ཟིན་ཀྱང་། སྐྱེས་པའི་མཆོག་ཏུ་གཏོགས་པའོ།། དེ་ལྟར་ན་ཡོངས་སུ་མྱ་ངན་ལས
94b5 འདས་པ་ཆེན་པོའི་མདོ་ཆེན་པོ་འདི་ནི། དེ་བཞིན་གཤེགས་པའི་སྙིང་པོ་སྟོནད་པའི་ཕྱིར། དཔག་ཏུ་མྱེད་པ་ཡིན་ནོ།། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་མདོ་སྡེའི་གནས་འདི་མྱུར་དུ་རྟོག
94b6 པར་འདོད་པས་ནི། དེ་བཞིན་གཤེགས་པའི་སྙིང་པོ་ལ་བ་འོན་པར་བྱའོ།། གསོལ་པ། བཅོམ་ལྡན་འདས་དེ་ནི་དེ་ལགས་སོ། བཅོམ་ལྡན་འདས་དེ་ནི་དེ་ལགས་ཏེ། བདག་ཀྱང་དེང
94b7 དེ་བཞིན་གཤེགས་པའི་སྙིང་པོ་བསྒོམ་པའི་སླད་དུ། སྐྱེས་པའི་རང་བཞིན་ལ་ཞུགས་ལགས་སོ།། མངོན་པར་ཕྱེ་ལགས་སོ།། བརྡ་མཇལ་བར་བགྱིད་ལགས་སོ།། བཀའ་སཿལད་པ། རིགས་ཀྱི་བུ་ལེགས
94b8 སོ་ལེགས་སོ།། འཇིག་རྟེན་དང་འཐུན་པར་བྱེད་པས་ནི་དེ་ལྟར་བལྟ་བར་བྱའོ།། གསོལྡ་པ། བཅོམ་ལྡན་འདས་འཇིག་རྟེན་དང་མཐུན་པར་མ་ལགས་སོ།། བཀའ་སཿལད་པ། རིགས་ཀྱི་བུ་ལེགས་སོ།།
94b9 ལེགས་སོ།། དེ་ལྟར་བུར་བ་ཤིང་གི་མེ་ཏོག་ཟ་བ་བཞིན་དུ་ཟམ་མོའི་ཆོས་ཀྱི་ཟས་བཟའ་བར་བྱའོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན། སྦྲང་བུ་གཅིན་ཉུང་ཅེས་པས་ས་ཆེན་པོ་ངོམས་པར་མྱི་འགྱུར་བ་དེ




iiif viewer powered by OpenSeadragon

94a - 95a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo