e-texts navigator
Collection
Volume
Page
Wylie

94a1 དེའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་མཆོག་ཅེས་བྱ་སྟེ། མྱིང་ཆེ་བ་ཡིན་ནོ།། རིགས་ཀྱི་བུ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་སྐྱེས་པའི་རང་བཞིན་དུ་གྱུ་དད་པར་བསྒོམ་པར་བྱའོ།།
94a2 ཅིའི་ཕྱིར་ཞེ་ན། བུད་མྱེད་ཀྱི་རང་བཞིན་ནི་ཆོས་མ་ཡིན་པ་ཐམས་ཅད་ཀྱི་རྒྱུའི་སྒོ་ནས་འབྱུང་ཁུང་ཡིན་ཏེ།། དཔེར་བྱ་ན་རྦ་སྦྲང་བུའི་གཅིན་གིས་ནི་རྣམས་ཀྱང་ས་ཆེན་པོ་རླན་པར་མྱི་འགྱུར། ངོམས་པར་ཡང་མྱི་འགྱུར་བ་དེ
94a3 བཞིན་དུ། བུད་མྱེད་རྣམས་འདོད་པས་ངོམས་པར་མྱི་འགྱུར་ཏེ།། བུད་མྱེད་ནི་ཀ་ལ་ཏེ་ས་ཆེན་པོ་རྒྱ་ཤུག་གི་རུས་པ་ཙམ་ཡུངས་འབྲུ་ཙམ་གྱི་རིལ་ལུར་བྱས་པ་དེར། ར་ལུ་ཇི་སྙེད་པ་ཡོད་པ་དེ་སྙེད་ཀྱི་སྐྱེས་པ་དང་། ལྷན
94a4 ཅིག་ཏུ་འདོད་པས་ཞེན་པར་བསྟེན་དུ་ཟི་ནད་ཀྱང་། སྦྲང་བུའི་གཅིན་གིས་པ་རླན་ཅིང་ངོམས་པར་མྱི་འགྱུར་བ་བཞིན་དུ། བུད་མྱེད་རྣམས་འདོད་པས་ངོམས་པར་མྱི་འགྱུར་རོ།། རིགས་ཀྱི་བུ་གཞན་ཡང
94a5 བུད་མྱེད་ཇི་ལྟར་མྱི་བཟད་པ་ཉོན་ཅི། བུད་མྱེད་ནི་གལ་ཏེ་སྐྱེས། པ་གང་གའི་ཀླུང་གི་བྱེ་མ་སྙེད་དམ། གཏམས་སྙེད་དམ། དཀྲིག་ས་སྙེད་དང་། ལྷན་གཅིག་ཏུ་འདོད་པ་ཞེ་ནད་པར་བསྟེ་ནད་དུ་ཟི་ནད
94a6 ཀྱང་། སྦྲང་བུའི་གཅིན་གྱིས་ས་རླན་ཅིང་ངོམས་པར་མྱི་འགྱུར་བ་བཞི་ན་དུ། བུད་མྱེད་རྣམས་འདོད་པས་ངོམས་པར་མྱི་འགྱུར་རོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན། རྒྱ་མཚོ་འ་ཆེན་པོ་ན་སྤྲིན་ཆེན་པོའི་ཆར་འབ།
94a7 བའི་ཆུ་དང་ཆུ་ཀླུང་རྣམས་ཀྱི་ཆུ་དེར་འབབ་ཀྱང་ངོམས་པ་མྱེད་པ་བཞིན་དུ། བུད་མྱེད་རྣམས་ཀྱང་འདོད་པས་ངོམས་པ་མྱེད་དོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན། མེ་ཏོག་གི་ཤིང་མྱ་ངན་འཚང་དང་། དོང་ཀའི་ཤིང་དང་།
94a8 བ་ཏ་ལ་ལས་བསྩོགས་པ་མྱེ་ཏོག་རྒྱས་པ་དང་། བུང་བ་རྣམས་མེ་ཏོག་གི་ཞུ་བས་ས་ངོམས་པར་མྱི་འགྱུར་ཏེ། བུང་བ་རྣམས་ཀྱི་མཁས་དང་ཆ་འཕྲ་བ་དང་། ཟབ་མོར་མེ་ཏོག་གི་ཁུ་བ་འཐུང་བར་བྱེད་པ་དེ་བཞིན་དུ
94a9 བུད་མྱེད་རྣམས་ཀྱིས་ཀྱང་སྐྱེས་པ་རྣམས་ཀྱི་དོར་དང་འདོད་པ་དང་། ཁུ་བ་རྣམས་འཐུང་བར་བྱེད་དོ།། བུང་བ་བཞིན་དུ་ངོམས་པར་མྱི་འགྱུར་རོ།། རིགས་ཀྱི་བུ་དེ་བས་ན། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ




iiif viewer powered by OpenSeadragon

93b - 94b

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo