e-texts navigator
Collection
Volume
Page
Wylie

93b1 ཀྱི་མཆོག་རེ་རོ་ཆུང་བར་འགྱུར་རོ།། འོན་ཀྱང་རོ་ཁྲོ་བ་ཐམས་ཅད་ཀྱི་ནང་ན་བའི་བཅུད་རྣམས་གཙོ་བོ་ཡིན་ལ། དེའི་ནང་ན་ཡང་འོ་མ་དཔཔ་ཡིན་པས་ན། ཟས་ཀྱི་མཆོག་དེ་ལོབས་ཀྱང་ཆེས་སྟོང་འགྱུར་ཀྱིས
93b2 ཞིམ་མོ།། རིགས་ཀྱི་བུ་དེ་བཞིན་དུ་ང་འདས་པའི་འོག་ཏུ་ལོ་བརྒྱ་ཕྲག་ཏུ་མ་ལོན་པ་ན། གང་གི་ཚངས་པའི་ཆོས་གནས་པའི་ལྷག་མ་བརྒྱད་ཅུ་ལུས་པ་དེའི་ཚེ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའམ
93b3 ཆེན་པོ་འདི་འཛམ་བུ་གླིང་དུ་སྤྱོད་པར་འགྱུར་ཏེ།། དེའི་ཚེ་དེ་ལྟར་མདོ་སྡེ་སྤྱོད་པ་དེ་ལས་དགེ་སློང་དེ་ལས་དགེ་སློང་སྡིག་ཅན་མཆོག་ཏུ་གཡེལ་བ་དམ་པའི་ཆོས་ཀྱི་མེ་ཏོག་ཀི་དྲི་མྱེད་པར་བྱེ་བ་རྣམས་གླེགས་པ
93b4 འཆོས་པར་བྱེད་དེ། མདོ་སྡེ་འདི་ཀློག་པ་ན་དོན་དང་། ཚིག་། ཀས་པར་དཀའ་བ། དགོངས་པའི་ཚིག་གསང་བ་རྣམས་ལས་དན་དང་མ་དང་ཀུ་ལས་སྩོགས་པ་དགག་པའི་ཡི་གེ་རྣམས་བོར
93b5 ཞིང་གཞན་འདོན་པར་བྱེད་དོ།། དགེ་སློང་རང་གི་རྙེད་པ་སྒྲུབ། པ། རུང་བ་མ་ཡིན་པའི་རྫས་འཆང་བ་དེ་དག་ནི་བདུད་ཀྱི་ཕྱོད། ས་ཡིན་ཏེ། ཕྱུགས་རྫི་མོས་བུ་རམ་ཤིང་ཆུས་འོ་མ་སྨད་པ
93b6 བཞིན་དུ་མདོ་སྡེ་འདི་མ་རུང་བར་བྱེད་དོ།། གཞན་ཡང་དགེ་སློང་མྱི་ཤེས་པ་དང་། ཆོས་སྨྲ་བ་ངན་པ་དང་། ཡི་གེ་ངན་པའི་ཉེས་པ་དང་། ཆོས་ཡ་མྱི་གནས་པ་དང་། བླ་མ་ལ་སྲི་ཞྭ་མྱི་བྱེད་པ་དང་།
93b7 མྱི་ངན་པས་ཁྱད་དུ་བསད་པ་དང་། ཆས་ཉེས་པ་དང་། ཡུན་རིངས་པ་དང་། ལག་བརྒྱད་པའི་ཉེས་པས་ཚིག་པ་དང་། དོན་ཕྱེད་ཕྱེད་ཙམ་དུ་གྱུརྡ་པ་སྤྱོད་ཅིང་། མདོ་སྡེའི་ལྷག་མ་ཆུ་བགས་ཙམ་ཞིག་ལུས་པར
93b8 བད་དོ།། བར་ལོང་མ་ལས་དོར་ཉོས་པའི་འོ་མས་པས་ཀྱི་མཆོག་བཅས་པ་རོ་མྱེད་པར་གྱུར་ཀྱང་ནས་ཀྱི་མཆོག་དེ་ནི། རོ་བྲི་བ་ཐམས་ཅད་ཀྱི་དམ་པ་ཡིན་པ་དེ་བཞིན་དུ། མདོ་སྡེ་ཆེན་པོ་འདི་ཡང་དེ་ལྟར་ལྷག་མ་ཆུང
93b9 ཤས་ཤིཀ། ལུས་པར་ཟད་མོད་ཀྱི་ཉན་ཐོས་ཀྱི་ཐེག་པའི་མདོ་སྡེ་ཐམས་ཅད་པས་སྟོབ་འགྱུར་གྱིས་གཙོ་བར་གྱུརྡ་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། མདོ་སྡེ་དང་ཏིང་ངེ་འཛིནད་ཐམས་ཅད་ནི་ཡོངས་སུ་མྱ་ངན་ལས་འདས་ལ




iiif viewer powered by OpenSeadragon

93a - 94a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo