e-texts navigator
Collection
Volume
Page
Wylie

93a1 ངན་ལས་འདས་པ་ཆེན་པོའི་མོད་ཆེན་པོ་འདིའི་དགོངས་པའི་ཚིག་གི་ཚིགས་སུ་བཅད་པའི་དོན་འཇིག་རྟེན་དུ་བརྡའ་སྤྲོད་པའི་ཚོགས་སུ་བཅད་པ་དང་། ཚིག་དང་ཚིག་སིལ་བུ་ཕྱེད་ཙམ་འཁྱོད་པར།
93a2 འགྱུར་རོ།། དགེའ་སློང་སྡིག་ཅན་རྣམས་ཀྱིས་ཀྱང་རང་ལ་མཐུ་མྱེད་པས་དགོངས་པའི་ཆོག་ག་ཡི་ཏི། གསང་བའི་ཚིགས་སུ་བཅད་པ་བདུད་རྩིའི་ཆོག་རྣམས་བོར་ནས། གཞམ་འདོན་པར་བྱེད་པར་བྱེད་དེ།
93a3 རྐུན་པོ་དག་གིས་ཕུབ་མ་ཁུར་དུ་ཁྱེར་ལ་ཆེ་བ་འོས་པའི་རིན་པོ་ཆེ་འདོར་བཞིན་དུ། དགེ་སློང་གཡེལ་བ་རྣམས་ཀྱང་མདོ་འདི་ནི་ཚིགས་སུ་བཅད་པ་དགོངས་པའི་ཚིག་རྣམས་འདོར་བར་བྱེད་དོ།། ཀྱེ་མ་མ་འོ
93a4 པའི་དུས་མཆོག་ཏུ་འཇིགས་ཤིང་མཆོག་ཏུ་སྐྲག་ཏུ་རུང་བར་འ་བྱུང་བར་འགྱུར་རོ།། ཀྱེ་མ་མ་འོངས་པའི་སེམས་ཅན་ཤིན་ཏུ་དཔལ་ཡོན་ཆུང་བ་དག་འབྱུང་བར་འགྱུར་ཏེ། དེ་དག་ནི་མདོའ།
93a5 ཆེན་པོ་འདི་ཉན་པར་མྱི་འགྱུར་རོ།། གང་དག་ཉན་པར་བྱེད། པ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན། ཏེ། དེ་ཁོ་ན་ཉིད་ཀྱི་དོན་འཛིནད་པར་འགྱུར་གྱི། ཡི་གེ་ལྷུར
93a6 མྱི་འཛིནད་ཏོ།། མདོ་སྡེའི་དོན་ཇི་སྙེད་པ་དེ་ཁོ་ན་སྙེད་གཞན་དགེ་ལ་སྟོནད་པར་བྱེད་ཀྱི།། དོན་མྱེད་པ་སྟོནད་པར་མྱི་བྱེད་དོ།། རིགས་ཀྱི་བུ་དཔེར་ན་ཕྱུགས་རྫི་མོ་ཞིག་གིས་ཁྱེ་ཕྱིནད་པར་བྱ་བའི་ཕྱིར
93a7 འོ་མའི་གཞི་ལས་ཆུ་བུ་རམ་དང་སྦྱརྡ་པས་བསླད་དེ། ཕྱུགས་ཀྱི་གནས། ནས་འོ་མའི་བུམ་པ་ཁྱེར་ཏེ་སོང་ནས། དེས་ཕྱུགས་རྫི་མོ་ཟླ་ལ་བཙོངས་ལ། དེ་ནས་ཕྱུགས་རྫི་མོ་ཟླ་དེས་ཀྱང་འོ་མ་དེ་ཆུགཎྜི
93a8 འགྱུར་ད་ཀྱིས་བསླད་ནས་པར་ཡོད་མ་ལ་བཙོས་ནས། བར་ལོང་མོ་དེས་ཀྱང་འོ་མ་དེ་ཆུ་ཉིས་གྱུར་ད་ཀྱིས་བསླད་ནས་པར་ལོང་མའི་ཟླ་ལ་བཙོངས། བར་ལོང་མའི་ཟླ་དེས་ཀྱང་ཆུ་ཉིས་གྱུར་ད་ཀྱིས་བསླད་ནས་གྲོང
93a9 ཁྱེར་རམ་ཆོང་དུས་སུ་ཉོ་བའི་མྱི་ཞིག་གིས་བུའི་གཙུག་ཕུད་འཇོག་པའི་དུས་སྟོན་གིའོ་ཐུག་བྱ་བའི་འདི་ནི་དཀོན་པ་ཡིན་ནོ་སྙམ་སྟེ། འོ་མ་དེ་ཉོས་ནས་འོ་མ་དེ་ཆུས་བསླད་པ་དེའོ་ཐུག་བཅོས་ནས་ཟས་ཀྱི




iiif viewer powered by OpenSeadragon

92b - 93b

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo