e-texts navigator
Collection
Volume
Page
Wylie

92b1 གི་མེ་དེ་བཞིན་གཤེགས་པ་ཐརང་བ་ནི་མཚན་མ་མྱེད་པ་དང་སྟོང་པ་དང་། མི་ཡང་མྱེད་པའོ་ཞེས་སྟོན་ན་ནི། དེའི་མ་ཐ་རད་པ་ནི་སྲིད་པ་ཉི་ཤུ་ས་ལྔ་དང་བྲལ་བ་ཡིན་ནོ་ཞེས་སྟོནད་པར་ཤེས་པར་བྱ་སྟེ། དེ་བས་ན།
92b2 སྟོང་ཞེས་བྱའོ།། གང་གི་ཕྱིར་དེ་ལ་སྡུག་བསྔལ་མྱེད་པས་ན། དེའི་ཕྱིར་སྡུག་བསྔལ་ཅི་ཡང་མྱེད་པ་དང་། མཆོག་ཏུ་བདེ་བ་ལ་མཚན་མ་མྱེད་པ་ཡིན་ནོ།། གང་གི་ཕྱིར་དེ་ལ་མྱི་རྟག་པ་དང་མྱི་བརྟན་པ་དང་།
92b3 ཟེར་ཟུག་མ་ཡིན་པ་དང་། ཞི་བའི་རང་བཞིན་མ་ཡིན་པ་མྱེད་པས་ན། དེའི་ཕྱིར་ཐ་རད་པ་ནི་རྟག་པ་དང་ཀྱི་རྟག་པ་དང་། ཐེར་ཟུག་པ་དང་ཞི་བ་སྟེ། དེ་ཉིད་དེ་བཞིན་གཤེགས་པ་ཡིན་ནོ།། གང་གི་ཚེ་དེ་བཞིན་གཤེགས་པ
92b4 སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ། ཞེས་སྟོན་ན། དེའི་ཚེ་ཡང་དག་པར་རྟག་པར་བསྒོམ་པ་བསྒོམ་པར་བྱའོ།། དགེ་སློང་གང་དག་དེ་ལྟར་སྒོམ་པ་དེ་དག་ན་དེའི་ཉན་ཐོ།
92b5 ཡིན་ནོ་ཞེས་ངཟེར་རོ།། རྒྱལ་པོའི་བློན་པོ་བཞིན་དུ་དགོས།། པའི་ཚིག་ལ་མཁས་པ་ཡིན་ནོ་ཞེས་པ་ཟེར་རོ།། དེ་ལྟར་རྒྱལ་པོའི་ལུགས་ལ་ཡང་དགོངས་པའི་ཚིག་ཡོད་ན། ངའི་བསྟ།
92b6 པའི་ཚིག་ལ་དགོངས་པོའི་ཚིག་ག་ལ་ཞིག་མྱེད་དེ།། མཁས་པ་མང་པོ་དག་གིས་དེ་ལྟར་རིག་པར་བྱའོ།། རའི་བསྟནད་པ་ནི་འཇིག་རྟེན་ཐམས་ཅད་དང་མྱ་འཐུན་ནོ།། རིགས་ཀྱི་བུ་གཞན
92b7 ཡང་དཔེར་ན་ཤིང་པ་ལ་ཤ་དང་། མྱ་ངན་འཚང་དང་། དོང་ཀའི་ཤིང་རྣམས་ནི་ཆར་པ་དཀོན་པའི་ཚེ། མེ་ཏོག་ཀྱང་ངན་པར་འགྱུར། འབྲས་བུ་ཡང་ངན་པར་འགྱུར་རོ།། ཆུ་དང་ཐང་ལ་སྐྱེས་པའི་མེ་ཏོག་གཞམ
92b8 རྣམས་ཀྱང་ཁྲུན་ཐུང་བ་དང་། མདོག་ངན་པ་དང་། གཟི་བྱིན་ཆུང་བ་དང་། དྲི་ཆུང་བར་འགྱུར་ཏེ། དེ་ལྟར་ན་མ་འོངས་པའི་དུས་ན་མེ་ཏོག་དང་སྨན་རྣམས་གཟའི་བྱིན་དང་དྲིན་ལས་སྩོགས་པ་ཉམ་པར་འགྱུར་རོ།།
92b9 རིགས་ཀྱི་བུ་དེ་བཞིན་དུང་འདས་ན་དུས་ངན་པ་བྱུང་བའི་ཚེ། དམ་པའི་ཆོས་འཇིག་པ་ན་སེམས་ཅན་རྣམས་བསོད་ནམས་ཆུང་བའི་ཕྱིར། ཆར་པ་དཀོན་པའི་ཚེ་མྱེ་ཏོག་གཞི་མྱེད་པ་དེ་བཞིན་དུ་ཡོངས་སུ་མྱ




iiif viewer powered by OpenSeadragon

92a - 93a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo