| e-texts navigator |
| Wylie |
92a1 ཚིག་ཀྱང་ཤེས་པར་ནུས་པར་དཀའོ།། དཔེར་ན་རྒྱལ་པོ་ལ་ལ་ཞིག་རང་གི་བློན་པོ་ལ་སིན་དུ་པ་འོན་ཅིག་ཅེས་དེ་སྐད་བསྐོ་ན། དེ་ལ་སིན་དུ་པ་ཞེས་བྱ་བ་ནི་ལན་ཙ་དང་སྐོམ་སྣོད་དང་། རལ་གྱི་དང་རྟ་རྣམས
92a2 ལ་བྱ་སྟེ། འདི་བཞིའི་མྱིང་སིན་དུ་པ་ཞེས་བྱ་ན་དེ་ལྟར་མྱིང་གཅིག་ལ་དོན་མང་པོ་ཡོད་པས། གང་གིས་ཚེ་རྒྱལ་པོ་བཤོས་གསོལ་བ་ན་སིན་དུ་པ་ཞེས་ཟེར་བ་ནི། དེའི་ཚེ་བློན་པོས་སིན་དུ་པའི་ལན་ཙ་ཡིན་པར་རིག
92a3 ནས་ཡན་མ་འབུལ་བར་བྱེད་དོ།། གང་གི་ཚེ་རྒྱལ་པོ་བཤོས་གསོལ་ཟིན་ནས། སིན་དུ་པ་ཞེས་ཟེར་ན་ནི། དེའི་ཚེ་བློན་པོས་སྐོམ་སྣོད་ཡིན་པར་རིག་ནས། སྐོམ་སྣོད་འབུལ་བར་བྱེད་དོ།། གང་གི་ཚེ་རྒྱལ་པོ་བསྐྱེད་མོས
92a4 ཚལ་སུ་འགྲོ་བའི་ཚེ། སད་དུ་བ་ཞེས་ཟེར་ན་ནི། དེའི་ཚེ་བློན་པོས་རྟ་ཡིན་པར་རིག་ནས། རྟ་འབུལ་བར་བྱེད་དོ།། ཀང་གི་ཆ་རྒྱལ་པོ་དས་འཐབ་པའི་ཆེ། སིན་དུ་པ་ཞེས་ཟེར་མནི། དེའི་ཚེ་བློར་པོ།
92a5 རལ་གྱི་ཡིན་པར་རིག་ནས། རལ་ཀི་འདུལ་བར་བྱེད་དོ།། དེ་ལྟ་ར་རྒྱལ་པོའི་དགོས་པའི་ཚིག་རྣམ་པ་བཞི་བློན་པོ་རྣམས་ཀྱིས་ཁོང་དུ་ཆུད་པར་གྱུར་ཏོ།། རིགས་ཀྱི་བུ་དེ་བཞིན་དུ་ཐེག་པ
92a6 ཆེན་པ་འདི་ལ་ཡང་མྱི་རྟག་པ་རྣམ་པ་བཞི་ཞེས་བྱ་བ་ཡོད་པར་ཐེག་པ་ཆེན་པོ་པ་བློན་པོ་དང་འདྲ་བར་དེ་བཞིན་དུ་རིག་པར་བྱ་སྟེ། གང་གི་ཚེ་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ནས། སངས་རྒྱས
92a7 ཡོངས་སུ་མྱ་ངན་ལས་འདའོ།། ཞེས་སྟོན་ན་ནི། དེའི་ཚེ་ཐེག་པ་ཆེན་པོ་པས་མྱི་རྟག་པ་སྟོནད་ཏོ་སྙམ་དུ་ཤེས་པར་བྱ་སྟེ། མྱི་རྟག་པའི་འདུ་ཤེས་བསྒོམ་པར་བྱའོ།། གང་གི་ཚེ་དེ་བཞིན་གཤེགས་པ་དམ་པའི
92a8 ཆོས་ནུབ་པ་དང་ཞིག་པར་འགྱུར་རོ་ཞེས་སྟོན་ན་ནི།། དེའི་ཚེ་སྡུག་བསྔལ་སྟོནད་ཏོ་སྙམ་དུ་ཤེས་པར་བྱ་སྟེ། སྡུག་བསྔལ་བསྒོམ་པར་བྱའོ།། གང་གི་ཚེ་དེ་བཞིན་གཤེགས་པ་དགེ་སློང་རྣམས་དང་། དགེ་སློང
92a9 མ་རྣམས་ལ་ངའི་ལུས་དང་ཆེན་པོ་མཐའ་ཡས་གཟི་རད་ཏོ།། དགེའ་འདུན་འཇིག་པར་འགྱུར་རོ་ཞེས་སྟོན་ན་ནི། དེའི་ཚེ་བདག་མྱེད་པ་སྟོན་ཏོ་སྙམ་དུ་ཤེས་པར་བྱ་སྟེ། བདག་མྱེད་པ་བསྒོམ་པར་བྱའོ།། གང