e-texts navigator
Collection
Volume
Page
Wylie

91b1 གི་སྡོང་པོ་རྙེང་སྤོང་བར་མཛད་པ་ལ། ཅིག་དེ་བཞིན་གཤེགས་པ་མྱི་རྟག་པར་འགྱུར་རམ། གསོལྡ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། སྤྲུལ་པགས་པ་རྗེ་བ་བཞིན་དུ་འཛམ་བུ་གླིང་ཁ་ཅིག་ཏུ་ཐབས་ཀྱི་སྐུ་གཞན
91b2 བོར་ནས་ཐབས་ཀྱི་སྐུ་གཞན་སྟོནད་པར་མཛད་ལགས་སོ།། བཀའ་སཿལད་པ། རིགས་ཀྱི་བུ་དེ་བས་ན་དེ་བཞིན་གཤེགས་པ་རྟག་པ་ཡིན་ནོ།། རིགས་ཀྱི་བུ་གཞན་ཡཱ་དེཔེ་ན་གསེར་མ་ཀར་གིས་གསེར་ཀི་འབྱུང་གནས
91b3 གསེར་བཞུ་སྟེ། སྐྱོན་དང་བྲལ་བར་གྱུར་ནས་རྒྱན་བཟང་པོ་ཅི་དང་ཅི་ལྟ་བུའི་གཟུགས་སུ་འདོད་པ། གསེར་མ་ཀར་བྱེད་དུ་བཅུག་ན། དེ་དང་དེ་ལྟ་བུར་བྱེད་པ་དེ་བཞིན་དུ་དེ་བཞིན་གཤེགས་པས་ཀྱང་། སྲིད་པ་ཉི་ཤུ
91b4 དག་དུ་གདུལ་བར་བྱ་བ་རྣམས་ཅི་དང་ཅི་ལྟ་བུར་འདོད་པ་དེ་དང་དེ་ལྟ་བུའི་ཐབས་ཀྱི་གཟུགས་མངོན་པར་སྐུལ་ནས། སེམས་ཅད་རྣམས་གྲོལ་བར་མཛད་དོ།། དེ་བས་ན་དེ་བཞིན་གཤེགས་པའི་སྐུ་ནི་མས
91b5 ཡས་ཏེ་རྟག་པ་ཡིན་ནོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན། ཨ་མྲའི་ཤིང་ངམ་འཛམ་བུའི་ཤིང་ཡང་རུང་དུས་ཚོགས་རྣམ་པ་ཀསྲྀ། ཀྱི་དབང་གིས་འགྱུར་ཏེ། རེས་འགའ་ནི་སྤེལ་མྱིག་བྱེ་བ་དང་ལོ་མ
91b6 ཁ་འབུ་བར་འགྱུར་རོ།། རེས་འཀའ་ནི་ལོ་མ་རྒྱས་ཤིང་ཀྲིབ་མ་བ་སེལ་བར་འགྱུར་རོ།། རེས་འགའ་ནི་ཤིང་སྐམ་པོ་བཞིན་དུ་ལོ་མ་ལྷག་པར་འགྱུར་ན། མིག་ཤིང་དེ་དག་ཤི་ཞེས་བྱའམ། གསོལང
91b7 པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། བཀའ་སཿལད་པ། རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་གདུལ་བར་བྱ་བའི་དབང་གིས་འཇིག་རྟེན་གསུ
91b8 དུ་ཐབས་ཀྱིས་སྐུ་རྣམ་པ་གསུམ་སྟོནད་པར་མཛད་དེ་སྐྱེ་བ་ལྟ་བུ་དང་འཚོ་ཞིང་བཞུགས་པ་ལྟ་བུ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ལྟ་བུ་སྟོན་ན། ཅིག་དེ་བཞིན་གཤེགས་པ་མྱི་རྟག་པ་ཡིན་ནམ། གསོལ
91b9 པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། བཀའ་སཙ་ལད་པ། རིགས་ཀྱི་བུ་དེ་བས་ན། དེ་བཞིན་གཤེགས་པ་རྟག་པ་ཡིན་ནོ།། ཀྱི་དེ་ལྟར་ན་དེ་བཞིན་གཤེགས་པའི་སྐུ་དང་། དེ་བཞིན་གཤེགས་པའི་དགོངས་པ།




iiif viewer powered by OpenSeadragon

91a - 92a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo