| e-texts navigator |
| Wylie |
91a1 པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་སྟེ། དེ་ཟས་ན་མཉན་པ་ཆེན་པོ་ཞེས་བྱའོ།། དེ་བས་ན་དེ་བཞིན་གཤེགས་པ་རྟག་པ་དང་བརྟན་པ་ཡིན་ནོ།། ཀླུ་ཡོད་ན་མཉན་པ་སྨོས
91a2 བར་བྱེད་ལ། དེ་བཞིན་གཤེགས་པ་རྟག་པར་ཡོད་དང་། ད་དུང་དུ་སེམས་ཅད་སྒྲོལ་ཞིང་སྐྱེ་བར་འགྱུར་རོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན། རྒྱ་མཚོ་འ་ཆེན་པོའི་ནང་དུ་གྲུ་བོ་ཆེ་འགྲོ་བ་རླུང་དང་ཕྲད་ནས་དྲང་པོར
91a3 འགྲོ་ཞིང་སྐད་ཅིག་ཙམ་གིས་དཔག་ཚད་དུ་མར་འགྲོ་ལ། ཀལ་ཏེ་རླུང་དང་ཕྲད་ན་ནི་ཡོ་དུ་མར་ཡང་མལ་གཅིག་ན་འདུག་པའམ། ཡང་ན་བུམ་པར་གྱུར་པ་དེ་བཞིན་དུ་མྱི་ཤེས་པའི་རྒྱ་མཚོ་ཆེན་པོར་ལྟུང་བའི་ས
91a4 ཅན་རྣམས་ཀྱང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེ་ན་པོའི་རླུང་གི་རྒྱལ་པོ་དང་འཕྲད་ན་ནི་གྲུ་བཞིན་དུ་མྱུར་བ་ཁོ་ནམ། བྱང་ཆུབ་ཀྱི་ཕ་རོལ་ཏུ་ཕྱིནད་པར་འགྱུར་རོ།། གང་དག་མདོའི
91a5 རླུང་གིས་རྒྱལ་པོ་འདི་དང་མ་ཕྲད་པ་དེ་དག་ནི་གྲུ་རྒྱ་མཚོ་ཆེན་པོ། འབུམ་པ་བཞིན་དུ། འཁོར་བའི་འཁོར་ལོར་བརླག་པར་འགྱུ། རོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན། རྒྱ་མཚོ་ཆེན་པོའི
91a6 འཇིགས་པའི་གནས་སུ་རླུང་དང་མ་འཕྲད་ན། ད་ནི་ཤི་བ་ཉིད་འདི་ཡིན་ནོ་སྙམ་སྟེ། དཀོས་ཟག་པར་གྱུར་པའི་སེམས་ཅན་ནི་མས་མྱི་ཤེས་བཞིན་དུ་རླུང་གི་རྒྱལ་པོས་ཡུད་ཙམ་གྱིས་ཁྱེར་ནས།
91a7 དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བདག་ཅག་ཐ་རད་པར་གྱུ་རད་པར་གྱུར་པ་འདོན་ངོ་མཚར་ཆེའོ་སྙམ་པ་དེ་བཞིན་དུ། མདོ་སྡེ་ཆེན་པོ་འདིའི་རླུང་གི་རྒྱལ་པོ་འདི་ཡང་མྱི་ཤེས་པའི་རྒྱ་མཚོ་ཆེན་པོ་ན་འཁོད་པའི
91a8 སེམས་ཅན་བྱང་ཆུབ་ཏུ་སེམས་བསྐྱེད་མྱི་དགོས་པར་འཛིནད་པ་རྣམས་མྱི་ཤེས་བཞིན་དུ། བྱང་ཆུབ་ཀྱི་རྒྱུ་ལ་འགོད་པར་བྱེད་དོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན། སྦྲུལ་གྱི་བཀས་པ་སྙིང་པོར་ན་ཅིག་ཤི་བའི
91a9 མྱེད་པར་སོང་བ་ཡིན་ནམ། གསོལྡ་པ་བཅོམ་ལྡན་འདས་དེ་ནི་མེ་ལགས་སོ།། བཀའ་སཿལད་པ། རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་འཕགས་པ་སྙིང་འདོར་བཞིན་དུ། ཐབས་ཀྱི་སྐུ་དུག་སྨན