e-texts navigator
Collection
Volume
Page
Wylie

90b1 ལུས་སྙིང་པོ་མྱེད་པར་བསྒོམ་པ་དང་། ཟང་དང་ཆུ་དང་རི་ལས་སྐྱེས་པ་ལྟ་བུ་རྣམ་པ་གསུམ་བསྒོམ་པ་སློབ་པར་མཛད་དོ།། དེ་ལ་ཐང་ཞེས་བྱ་བ་ནི་ལུས་ཀྱི་སྡུག་བསྔལ་རྣམ་པ་རུ་མ་རྣམས་སོ།། ཆུ་ཞེས་བྱ་བ་ནི།
90b2 ལུས་འདི་ཆུའི་ཆུ་བུར་ལྟ་བུར་མྱི་རྟག་པའོ།། རི་ཞེས་བྱ་བ་ནི་ཉོན་མོངས་པའི་རྣམ་པ་རྣམས་ལ་བདག་མྱེད་པ་སྟེ། དེ་བས་ན་དེ་བཞིན་གཤེགས་པ་ནི་ལུས་འདི་ནི་བདག་མྱེད་པའོ་ཞེས་སློབ་པར་མཛད་དོ།།
90b3 གལ་ཏེ་དགེ་སློང་རྣམས་ཀྱིས་གསུང་རབ་ཡན་ལག་དཀུའི་དོན་མ་མཐོང་ན་ནི། ཐེག་པ་ཆེན་པའི་མཆོག་འདི་སློབ་པར་འདོད་མཛད་དོ།། ད་ནི་སྨན་པ་ཆེན་པོ་བཞིན་དུ་དེ་བཞིན་གཤེགས་པ་གསུང་རབ་ཡན
90b4 དགུ་ལ་དོན་གྱི་བྱ་བ་བྱས་ཟེ་ནད་པའི་དགེ་སློང་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱུད་ཕྱི་མ་ལས། དེ་བཞིན་གཤེགས་པའི་སྙིང་པོ་རྟག་གོ་ཞེས་སྟོནད་པར་མཛད་དེ།། དེ་ལྟར་དེ་བཞི
90b5 གཤེགས་པས་ཡོང་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་བསྟནད་པ་ཟོས་ན། སེམས་བསྐྱེད་མྱི་དགོས་པར་འཛིནད། པའི་སེམས་ཅན་རྣམས་ལ་ཡང་བྱང་ཆུབ་ཀྱི་རྒྱུར་འགྱུར་ཏེ།
90b6 འདོད་ཆེན་པོ་ན་མ་གཏོགས་སོ།། རིགས་ཀྱི་བུ་དེ་ལྟར་ན་ཡོངས་སུ་མྱ་ངན་ལས་འདྲ་བ་སྟེ་ཧྲཱི་མ་ན་པོ་འདི་ནི་དེ་ལྟར་བསམ་གྱིས་མྱི་ཁྱབ་སྟེ། སྨན་པ་ཆན་པ་ཆེན་པོ་བཞིན་དུ་སྨནད་པ་རྣམས་ཀྱི་མཆོ།
90b7 ཡིན་ཏེ་མདོའི་སྡེ་འདི་ནི་མདོ་སྡེའི་རྒྱལ་པོའི་མཆོག་ཡིན་ནོ།། རིགས་ཀྱི་བུ་གཞན་ཡང་གྲུ་ནི་སེམས་ཅན་རྣམས་བསྒྲལ་བའི་ཕྱིར། ཕ་རོལ་ཀྱི་འགྲམ་པ་ནས་ཚུལ་རོལ་ཀྱི་འགྲམ་དུ་འོང་ཞིང་ཚུ་རོལ་ཀྱི
90b8 འགྲམ་ནས་ཕ་རོལྡ་ཀྱི་གྲེ་དུ་འགྲོ་བ་དེ་བཞིན་དུ།། དེ་བཞིན་གཤེགས་པ་ཡང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདས་ནས། གྲུ་ཕ་རོལྡ་ཏུ་འགྲོ་བ་དེ་བཞིན་དུ། སེམས་ཅན
90b9 རྣམས་སྒྲོལ་དུ་གཤེགས་ཏེ།། གང་དང་གང་ན་གདུལ་བར་བྱ་བ་རྣམས་ཡོད་པ་དེ་དང་དེར་རྫོགས་པའི་སངས་རྒྱས་སྟོནད་པར་མཛད་དོ།། རེ་བས་ན་ཀྲུ་གང་དང་དུ་སེམས་ཅན་བསྒྲལ་བར་འདོད་པ་དེ་དང་དེར་འགྲོ




iiif viewer powered by OpenSeadragon

90a - 91a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo