| e-texts navigator |
| Wylie |
90a1 འགྱུར་རོ་ཞེས་ལུང་བསྟནད་པ་དང་། རྒྱལ་པོ་དེས་དེ་ལ་བཀའ་སཿལད་པ། ཁྱོད་ཀྱིས་མ་མཐོང་བ་མན་ཚབས་པོ་ཆེ་འབྱུང་བར་ཇི་ལྟར་ཞེས།། དེ་ནས་སྨནད་པ་དེས་རྒྱལ་པོ་ལ་གསོལ་པ། གཡེ།
90a2 ཐུགས་ཀྱི་ཆེས་ན། སྨན་གསོལ་ད་ཅིག་དང་མངོན་ནོ་ཞེས་བྱས་ན། འོན་ཀྱང་རྒྱལ་པོ་དེ་སྨན་འཐུང་དུ་ཡང་མ་བཏུབ་པོ།། དེ་ནས་སྨནད་པ་ཆེན་པོ་དེས་རིག་པའི་སྟོབས་ཀྱིས་གཞང་ཁར་གཞང་འབྲུམ་འཐོན་པར་བྱས་སོ།།
90a3 དེ་ནས་རྒྱལ་པོ་དེས་གཞང་འབྲུམ་དེ་དག་མཐོང་ནས་སྐྲག་ཅིང་མྱི་དགའ་སྟེ། སྤྱི་བུང་ཞེས་བྱས་ནས་སྨནད་པའི་ཚིག་བདེན་ནོ་ཞེ་སྙམ་དུ་སེམས་ཏེ། གཞང་འབྲུམ་མཐོང་བར་ཤེས་ནས། ཀྱེ་མ་སྨན་པའི་རིགས་པའི་སྟོབས
90a4 ང་མཚ་རད་ཏོ་སྙམ་སྟེ། སྨནད་པ་དེ་ལས་ཕ་མ་ལ་གུས་པར་བྱ་བ་བཞིན་དུ། བཀུར་བསྟི་བྱེད་པ་དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ཆེན་པོ་འདི་ནི། སེམས་བསྐྱེད་མྱི་དགོས་པར་འཛིནད་པའི
90a5 སེམས་ཅན་ཐམས་ཅད་ལ་ཡང་སྨནད་པ་ཆེན་པོས་རྒྱལ་པོ་ལ་བྱ་བ་བཞིན་དུ། བདེ་བྲག་ཏུ་བྱང་ཆུབ་ཀྱི་མྱུལ་འཇོག་པར་བྱེད་དོ།། དེ་དག་ལ་རྨི་ལེམ་དུ་འམ། འཆི་བའི་ཚེ་ཡང་རུང་སྟེ་སེམས་ཅད་དེ་དག་གིས་མྱ་ཞེས་པ
90a6 བཞིན་དུ་བྱང་ཆུབ་ཀྱི་རྒྱ་ལ་འཇོག་པར་འགྱུར་རོ།། འདོད་ཆེན་པ་ནི་མ་གཏོགས་ཏེ། སྨན་པ་ཆེན་པོས་ཀྱང་འདི་ནི་ག་སོར་མྱི་རུང་ངོ་སྙམ་ནསལས་མྱི་བཟོད་པ་དང་ལྡན་པའི་འཆི་བར་འགྱུར་བའི་དོན་གསོ་བར་མྱི་བྱེད་དོ
90a7 འཆི་བར་འགྱུར་བ་དང་འདྲ་བ་ནི་འདོད་ཆེན་པ་ཡིན་ནོ།། རིགས་ཀྱི་བུ་དཔེར་ན། སྨནད་པ་ཚེའི་རིགས་བྱེད་ཡན་ལག་བརྒྱད་ཀྱི་རྒྱུད་ཕྱི་མ་ཤེས་པ་ཞིག་གིས། རང་གི་བུ་ཐག་མ་རྒྱུད་ཀྱི་ཡན་ལཀ་ཐ་དང་ཆུ་དང་རི་ལས
90a8 སྐྱེས་པའི་སྨན་རྣམས་སློབ་པར་བྱེད་ཀྱི་ཐོག་མ་དང་ཡན་ལག་སློབ་པ་ཙམ་ན། རྒྱུད་ཕྱི་མ་སློབ་པར་མྱི་བྱེད་དོ།། གང་གི་ཚེ་རིགས་བྱེད་ཡན་ལག་བརྒྱད་བསླབས་ཟིན་པ་དེའི་ཚེ་ནི་རྒྱུད་ཕྱི་མ་ལས་སྔགས་དང་སྨན
90a9 གྲུབ་པཱི་ལས་སློབ་པའི་བྱེད་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པ་ལི་སངས་རྒྱས་ཀྱང་ཉིད་ཀྱི་སྲས་པོ་དགེ་སློང་དག་ལ་ཐོག་མའ་ཡན་ལག་ཉོན་མོངས་པའི་རྣམ་པ་སྤང་བ་དང