| e-texts navigator |
| Wylie |
8b1 འབར་བ་ཞེས་བྱ་བ་མན་ཆད་ནི་རང་གི་ལྷག་པའི་བསམ་པ་ཞེས་བྱ་བའི་སྣ་གྲངས་སོ།། གཞན་གི་ལྷག་པའི་བསམ་པ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཆོས་སྟོནད་ཅིང་བཞུགས་པ་ན། བུད་མྱེད་གཞོན་ནུ་གསར་དུ་བྱུང་བ་ལ་ལ་ཞིག།
8b2 བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ནས། ཕྱོགས་གཅིག་ཏུ་འདུག་སྟེ་སེམས་ཤིང་འདུག་གོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་བསམ་པ་ཐུགས་སུ་ཆུད་ནས་ཆོས་སྟོནད་པར་མཛད་དེ། དཔེར་ན་བུད་མྱེད་བུ་ལ་བྱམས་པའི་ཐབས་མཁས
8b3 པས་ཇི་ཙམ་དུ་འཇུག་ནུས་པའི་དྲོད་ཤེས་ནས། རང་གི་འཛུབ་མོའི་ཏོར་ཟོས་བདག་གི་བུ་ཆུ་དུ་མར་ལྡག་དུ་བཅུག་པ་བཞིན་ནོ་ཞེས་གསུངས་སོ།། དེ་ནས་བུད་མྱེད་དེས་འདི་སྐད་ཅེས་གསོལ་ད་ཏོ།། ཀྱེ་བཅོམ་ལྡན་འདས་ཀྱིས་ནི་བདག
8b4 གི་སེམས་ཀྱི་རྟོག་པ་ཐུགས་སུ་ཆུད་ནས། ལྷག་ཆད་མྱེད་པར་བཀའ་ས་ལད་ཏེ། བདག་སློབ་དུ་སྩས་པ་ཁོ་ན་བཞིན་ལགས།། བཅོམ་ལྡན་འ་དས་བདག་གིས་དེང་བྱིས་པ་ལ་འཛུབ་མོའི་ཐོར་ཏོས་ཆབ་མར་ཀས་ལང
8b5 པ་དྲགས་པར་གྱུརྡ་ཏེ། དེས་ན་འདི་མ་ཞུ་བར་གྱུར་པ་ལགས་སོ།། བཅོམ་ལྡན་འདས་མི་ལགས། བདག་གི་ཁྱེའུ་འདི་ཚེ་རིང་བར་འགྱུར། རམ། འོ་ནད་ཏེ་ཟུང་བར་འགྱུར་རམ། བཅོམ་ལྡན་འདས་དེ་བཞིན
8b6 གཤེགས་པས་བསྟན་དུ་གསོལ། བཀའ་སྩལ་པ། ཁྱོད་ནི་བུ་ནི་བདེ་བ་དང་ལྡན་ཞིང་ཚེ་རིང་བར་འགྱུར་རོ།། དེ་ནས་བུད་མྱེད་དེ་མགུ་བར་གྱུར་ང་ནས།། གསོལ་པ་ཁྱོད་ཀི་བདེན་པའི་ཚིག་གིས
8b7 བདག་ཤི་ན་ཏུ་མགུ་ལགས་སོ།། དེ་ལྟར་དེ་བཞིན་གཤེགས་པ་ནི་གདུལ་བར་བྱ་བའི་དབང་ལ་གཟིགས་ཤིང་། འཇུ་བ་དང་མི་འཇུ་བའི་ཉམས་སྟོབས་དང་། སྦྱར་ནས། ཆོས་ཐམས་ཅད་བདག་མྱེད་པ་དང་། སྡུག་བསྔལ་བར
8b8 སྟོན་པར་མཛད་དོ།། གལ་ཏེ་བཅོམ་ལྡན་འདས་ཀྱིས་སྟོབས་ཆེ་ཆུང་དང་མ་སྦྱར་བར་སེམས་ཅན་རྣམས་ལ་རྟག་པའི་གསང་བ་བསྟན་དུ་ལགས་ན། ཆབ་མར་མ་ཞུ་བ་དང་འདྲ་བར་སེམས་ཅན་རྣམས་ཆབ་འཚལ་བར་འགྱུར་ལགས
8b9 སོ།། བཀའ་སྩལ་པ། ཆེ་ཞེ་ལེགས་སོ།། ལེགས་སོ།། རིགས་གི་བུ་མོས་ནི་དེ་ལྟར་བྱ་དགོས་སོ།། ཆེ་གེ་གཞན་ཀང་གི་ཚེ། ཁྱོད་བུ་གོམ་པ་འདོར་ནུས་པར་གྱུརྡ་པ་དེའི་ཚེ། ཁ་ཟས་སྣུམ་པ་ཀང་དང་གང་བྱིན་པ་དེ་དང