e-texts navigator
Collection
Volume
Page
Wylie

8a1 པའི་སེམས་ཅན་ལགས་སོ།། དེ་དག་ནི་མཆོད་རྟེན་ལྟ་བུ་ལགས་སོ།། གཞན་ནི་མྱ་ངན་དུ་བགྱིའགསགས་སོ།། བྱི་ཞེས་པའི་དགོན་པ་ན་འཁོད་པ་ལགས་སོ།། མདོའི་མྱིང་གི་གཏན་ཚིགས་དང་ཡོན་ཏན་གི་ཚུལ་ཞེས
8a2 བྱ་སྟེ། གསུམ་པའོ།། ། རིགས་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་ལས། ཆོས་ཀྱི་རྣམ
8a3 གྲངས་རྣམ་པ་བཞི་སྟོན་ད་པར་བྱེད་དོ།། རྣམ་གྲངས་རྣམ་པ་བཞི་གང་ཞེ་ན།། རང་གི་ལྷག་པའི་བསམ་པ་ཞེས་བྱ་བ་དང་། གཞན་ཀི་ལྷག་པའི་བསམ་པ་ཞེས་བྱ་བ་དང་། འདྲི་བའི་དབང་ཞེས་བྱ་བ་དང་། དོན་གི་དམྱིགས་བྱུང
8a4 བའི་དབང་ཞེས་པ་སྟེ། བཞི་པོ་དེ་ནི་དེ་དག་ཡིན་ནོ།། དེ་ལ་རང་\ུ0f7f། ཀ་པའི་བསམ་པ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པས་གང་ལ་གཟི་ཀས་ནས་ཆོས་སྟོནད་པར་མཛད་པ་སྟེ། དཔེར་ན་ཤིང་གི་ཕུང་པོ་འབར
8a5 ཞིང་སྣང་བར་གྱུར་ད་པ་གཟིགས་ནས། དགེ་སློང་དག་གང་དག་དེ་བ་ཞིན་གཤེགས་པ་ལས་གསང་བ་སྣ་ཚོགས་ཐོས་ནས། འདི་ནི་བདུད་ཀྱིས་སྨྲ་བ་ཡིན་ནོ།། ཞེས་གཞན་དག་ལ་ཟེར་ཞི་པ། རང་བཟོའི་ཚིག
8a6 འབྲུ་སྣ་ཚོགས་རྣམས་ལ། དེ་བཞིན་གཤེགས་པས་གསུངས་པ་ཡིན། ནོ་ཞེས་བྱས་ནས། སངས་རྒྱས་བཅོམ་ལྡན་འདས་དང་། ཆོས་དང་དག། སྤོང་གི་དགེ་ལ་འདུན་མྱི་རྟག་གོ་ཞེས་ཟེར་བ་བས་ནི། ཤིང་གི་ཕུང
8a7 འབར་བ་འདི་ལ་ཀུན་ནས་རེག་ཅིང་པང་དུ་བླངས་ཀྱང་བྱའོ།། གང་དག་བདུད་གིས་སྨྲས་པའོ་ཞེས་ཟེར་བ་དང་། གང་དག་ཕྱི་ནད་ཅི་ལོག་གི་ཆོས་དེ་འཛི་ནད་པར་བྱེད་པ་དེ་དག་ནི། བརྫུན་དུ་སྨྲ་བའོ།། དེ་བཞིན་གཤེགས་པ་མྱི་རྟག་གོ
8a8 ཞེས་བྱ་བའི་ཚིག་སྨྲ་བ་པས་ནི་ཤིང་གི་ཕུང་པོ་འབར་བ་འདི་ལ་ལྕེས་ཀུན་ནས་རེག་པར་བྱས་ཏེ། ཤི་ཡང་བྱའོ།། ཚིག་དེ་ནི་མཉམ་པར་ཡང་མྱི་བྱའོ།། དེ་བཞིན་གཤེགས་པ་རྟག་པའོ་ཞེས་འདོགས་མི་ནུས་པ་དེ་དག་ནི་མྱ་ངན་དུ
8a9 བྱ་བ་ཡིན་ནོ།། སངས་རྒྱས་བཅོམ་ལྡན་འདས་ནི་བསམ་གིས་མྱི་ཁྱབ་པའོ།། དེ་བཞིན་དུ་དེའི་རྗེས་སུ་བསྟནད་པ་དང་། ཉན་ཐོས་གི་དགེ་ལ་འདུན་ཡང་བསམ་གྱིས་མྱི་ཁྱབ་པོ་སྙམ་དུ་གཟུང་བར་བྱའོ།། དེ་ལས་སྩོགས་པ་ཤིང་གི་ཕུང་པོ།




iiif viewer powered by OpenSeadragon

7b - 8b

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo