e-texts navigator
Collection
Volume
Page
Wylie

89b1 བམ་པོ་བཅུ་གཉིས་པའོ།། ། རིགས་ཀྱི་བུ་དཔེར་ན་སྨན་པ་ཆེན་པོས་འབྱུང་པོས་ཟིནད་པ་འམ། སྦྲུལ་གྱིས་ཟིནད་པའི་དོན་དུ་སྨནད་ཀྱི་རིལ་བུ་འམ། སྨན་གནོད་སེལ་རྒྱང་གྲགྶ
89b2 མང་པོ་ཞག་ཏུ་བསྒྱུར་ད་ཏེ། འདི་སྐད་དུ་སྨན་འདི་མྱུར་དུ་ཁྱེར་ན། ཁྱེར་ནས་ཀྱང་དེའི་དཔྱད་གྱིས་ཤིག་དང་། དེ་ལྟར་བྱས་ན་དེའི་ལྷ་དང་ཀླུ་དང་གནོད་སྦྱིན་དང་། སྲིན་པོའི་གིདོན་རྣམས་མྱེད་པར་འགྱུར་རོ།། དེ་སྟེ་མ་ཁྱེར
89b3 ན་བདག་ཉིད་འགྲོ་བར་བྱ་བའི། དེ་བར་མ་དོར་ཆུད་ཟོས་ན་མྱི་རུང་ངོ་ཞེས་ཀྱང་ཟེར་ལ།། དེ་ནས་སྨན་པའམ་སྨནད་པའི་ཕྲིན་པ་དེ་དག་རིང་པོ་ཞིག་ནས་མཐོང་ནས། སྔགས་དེའི་གཟི་བྱིན་དང་མཐུས་གནོད་པ་ཐམས
89b4 ཅད་ཞི་བར་འགྱུར་ཏེ།། དེ་ཡང་བདེ་བར་འགྱུར་བ་དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་མཐུ་ཆེ་བ་འདི་ཡི་གེར་བྲིས་པ་ཞིག་ཀ་ཞིག་གི་གནས་མ་སྡོད་ཞེས་དགེ་སློང་ངམ། དགེལ
89b5 སློང་མའམ། འདི་ལས་ཕྱི་རོལ་པ་གཞན་གྱིས་ཤེས་སམ། གཞན་ལས་ཐོས་ན་དེ་དག་གི་བྱང་ཆུབ་ཀྱི་རྒྱུར་འགྱུར་ལ། ཕམ་བ་བྱེད་པ་དང་། འཚམས་མྱེད་པ་བྱེད་པའི་ལས་བྱེད་པའི་འབྱུང་།
89b6 པོ་དང་ཤ་ཟའི་གདོན་ཀྱིས་ཟིན་པའི་ཇི་སྙེད་ཀྱིས་ཐོས་ཀྱང་རུང་སྟེ། དེ་དག་ཐམས་ཅད་སྨནད་པ་ཆེན་པོ་མཐོང་བ་བཞིན་དུ། གདོན་དང་བྲ་ལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་འགྱུར་རོ།།
89b7 ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་མདོ་སྡེ་ཆེན་པོའི་མཐུའི་རྒྱུས། དེ་ལྟར་འགྱུར་ཏེ། དེ་ལྟ་ན་གང་དག་གིས་མདོའི་སྡེ་ཆེན་པོ་གླེགས་བམ་ལ་བྲིས་ལ་གྲག་སམ་ཐོས་སམ་བྲིས་ཀྱང་རུང་སྟེ། དེ་དག་ལྟ་བྱང
89b8 ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་ཛ་སྟེ་མྱི་འགྱུར། འདོད་ཆེན་པོ་ནི་མ་གཏོགས་སོ།། དཔེར་ན་འོན་པས་སྒྲ་མྱི་ཟོས་པ་བཞིན་དུ། འདོད་ཆེན་པས་ཀྱང་མདོ་སྡེ་འདི་ཐོས་པར་མྱི་ནུས་ཏེ། དེ་ལ་རྒྱུ་མྱེད་པའི
89b9 ཕྱིར་རོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན་སྨན་པ་ཚེའི་རོགས་བྱེད་ཡན་ལག་བརྒྱད་ཀྱི་རྒྱུད་ཕྱི་མ་ཤེས་པ་ཞིག་གིས་རྒྱལ་པོ་མཐོང་ནས། རྒྱལ་པོ་ཆེན་པོ་ཁྱོད་ལ་གྲོངས་ལ་ཐུག་པ་ཙམ་གྱི་སྤུན་གྱིས་ཐེབས་པར་འགྱུར་རོ།




iiif viewer powered by OpenSeadragon

89a - 90a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo