| e-texts navigator |
| Wylie |
89a1 འབྱུང་བར་འགྱུར་རོ་སྙམ་དུ་ཅིག་སེམས་སམ། དེ་བཞིན་དུ་གཅིག་ཤོས་རྣམས་ལ་ཡང་འདོད་ཆགས་དང་ཞེ་སྡང་གཏི་མུག་གི་ཟུག་རྔུ་རྣམས་འབྱུང་བར་འགྱུར་རོ་སྙམ་པའི་སེམས་མྱེད་དེ།། དེ་དག
89a2 གི་སེམས་ནི་འདོད་པ་རྣམས་ལ་གནས་སོ།། དེ་བཞིན་དུ་བམ་པབྱེད་པ་རྣམས་དང་། མཚམས་མྱེད་པའི་ལས་བྱེད་པ་སེམས་བསྐྱེད་ཀྱི་དགོས་པར་འཛིནད་རྣམས་ཀྱི་ཡང་བྱང་ཆུབ་ཀྱི་རྒྱུ་སྐྱེད་པར་བྱེད་དེ།། འདྀ།
89a3 རེད་པ་འཆི་བའི་ནུས་ལ་བབ་པ་དང་འདྲ་བ་འི་མ་གཏོགས་སོ།། རིགས་ཀྱི་བུ་དཔེར་ད་མཅན་མོ་མུན་པའི་ནང་ན་འཇམ་སུ་སྲིད་པའི་སེམས་ཅན་རྣམས་ཞིང་བྲས་ལས་སོགས་པའི་ལས་བྱ་བ་ལ་འཇུག་པ་མྱེད
89a4 ཉི་མ་ཤ་རད་པ་སྡོད་ཅི་འཁོད་དོ།། དེ་ནས་ཉི་མ་འཆང་བ་དང་། ཞིང་ལས་ལས་སྩོགས་པ་བྱེད་པ་ལ་འཇུག་གོ།། དེ་བཞིན་དུདག་པ་ཆེན་པོ་པ་རྣམས་ཀྱིས་ཀྱང་མདོ་སྡེ་དང་ཏིང་ངེ་འཛིན
89a5 ཅད་ཟོས་ཤིང་བསྒོམས་ནས། ཞིང་ལས་བྱེད་འདོད་པའི། སེམས་ཅན་མཚན་མོ་སྡད་པ་བཞིན་དུ། ཡོངས་སུ་མྱ་ངན་ལ་ས་འདས་པ་ཆེན་པོའི་མདོ་ཆེན་པོའི་ཉི་མ་འཆར་བ་སྡོང་ངོ་།།
89a6 དེ་ནས་མདོ་ཆེན་པོ་འདི་ལས་དགོངས་པའི་ཚིག་ཐོས་ནས། ད་མ་པའི་ཆོས་ཀྱི་གནས་སུ་ལས་ཐོམ་པར་བྱེད་དོ།། དེ་ནས་ཞིང་ལས་ཇི་ལྟར་བྱས་པ་ལ་ཆར་ཆེན་པོ་བབ་པས་ལོ་ཏོག་སྐྱེ་བར་འགྱུར
89a7 ལོ་ཏོག་ཀྱང་ལེགས་པར་འགྱུར་རོ།། དེ་བཞིན་དུ་དམ་པའི་ཆོས་ཀྱི་ཞིང་བླས་བྱས་པ་ལ་དེ་བཞིན་གཤེགས་པའི་སྙིང་པོ་མདོ་སྡེ་ཆེན་པོ་སྤྲིན་ཆེན་པོ་ལས་ཐོས་པའི་ཆོས་ཀྱི་ཆེར་བབ་ན། རིམས་ནད་རྣམ་པ་བརྒྱད
89a8 ལས་རྣམ་པར་གྲོལ་བ་དང་། བདེ་བ་དང་ལོ་ལེགས་པ་དང་། ཡོད་དུ་འོང་བར་བྱེད་པའི་ལུས་བསྟནད་པ་ཆེན་པོའི་ལོ་རྟོག་སྐྱེ་བར་འགྱུར་ཏེ། དམ་པའི་ཆོས་པད་མ་དཀར་པོའི་མོད་སྡེ་ཆེན་པོ་ལས། ཉན་ཐོས་ཆེན་པོ།
89a9 བརྒྱད་བཅུ་དཔྱིད་ཟླ་ར་བ་ལ་འབྲུ་རྣམས་མཐར་ཐུག་པ་བཞིན་དུ་སུང་བསྟནད་པ་ཆེན་པོའི་ལོ་ཏོ་སྐྱེ་བའི་མཐར་ཐུག་པ་དང་འདྲ་བར་འགྱུར་ཏེ། འདོད་ཆེན་པོ་ནི་མ་གཏོགས་སོ།། རྒྱ་ང་བ་ཏ་@