e-texts navigator
Collection
Volume
Page
Wylie

88b1 པ་བྱེད་བྱེད་པ་དང་མཚམས་མྱེད་པ་བྱེད་བྱེད་པ་ཡང་དྲན་པ་མ་བརྗེད་པའི་འབྲས་བུས་སེམས་ཅན་དམྱལ་བའམ། མྱིའི་འཇིག་རྟེན་དུ་བྱང་ཆུབ་ཀྱི་རྒྱུར་འགྱུར་ཏེ། འདོད་ཆེན་པ་ནི་མེ་གཏོག་སོ།། དཔེར་ན་སྨན་པ་དང་སྨན།
88b2 པའི་བུ་རྒྱུད་ཕྱི་མ་ཤེས་པས་སྦྲུལ་གདུག་པ་དང་མྱིག་གདུགས་པ་དང་། ཀྲུ་བྱ་ཀཀ་ཅེས་བྱ་བ་ལས་སྩོགས་པ་སྨན་གནོད་སེལ་དང་། རིགས་སྔགས་ཀྱི་མཐུས་རང་གི་ལྷམ་ལ་དབང་བྱ་བ་བཞིན་དུ་བཏུལ་ན་ས
88b3 དུག་བྱེད་པར་བྱེད་དེ། ཀླུ་ཤི་ནད་ཏུ་དྲག་པོ་ནིང་མ་གཏོགས་སོ།། དེ་བཞིན་དུ་མདོ་སྡེ་ཆེན་པོ་སྨན་གནོད་སེལ་དང་འདྲ་བ་འདིས་ཀྱང་ཕམ་པ་བྱེད་པ་རྣམས་དང་། མཚམས་མྱེད་པའི་ལས་བྱེད་པའི་སྡིག་ཅན་གྱི་ཀླུ
88b4 མཆོག་ཏུ་གདུག་པ་སེམས་བསྐྱེད་མྱི་དགས་པར་འཛིནད་པ། རྣམས་བཏུལ་ནས་བྱང་ཆུབ་ཀྱི་གནས་ཆེན་པོར་དཀོད་པར་བྱེད་དེ། དེ་བས་ན་སེམས་ཅན་ཐམས་ཅད་ཀྱི་བདེ་བ་སྐྱེད་པའི་ཕྱིར།
88b5 ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མྱིང་སྨན་གནོད་ཅེ། ལ་ཆེན་པོ་ཡོན་ཏན་གྱི་ཚུལ་ཅན་ཞེས་བྱ་སྟེ། འདོད་ཆེན་པ་མིཀེ་ཀླུ་དྲུག་པོ་མྱ་བཟད་པ་ནི་མ་གཏོགས་སོ།། དཔེར་ན་སྨན་པ
88b6 དུག་སྨན་ཟུག་རྔུ་འབྱིནད་པའི་སྨན་གྱི་རྒྱལ་པ་བསྒྲུབས་ཏེ། དེས་རྔ་བོ་ཆེ་ལ་བསྒྲུབས་ནས་ཕོ་བྲང་འཁོར་དུརྡ་དེ་བརྡུངས་ནས། སྒྲ་དེའི་མཐུས་སྐྱེ་བོ་ཇི་སྙེད་ཀྱིས་སྒྲ་ཐོས་པ་དེ་དག་ཀི་ཟུག་རྔུ
88b7 ཐམས་ཅད་འབྱུང་བར་འགྱུར་ཏེ། དེ་ཉིད་ན་མཆི་བའི་དུས་ལ་ཉེ་བ་རྣམས་ཀྱིས་ནི་འབྱུང་བར་མྱི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་ལས་ཀྱི་རྣམ་པར་སྨིནད་པ་མྱི་བཟད་པ་ཡོད་པའི་ཕྱིར་རོ།། དེ་བཞིན
88b8 དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོའི་སྒྲ་གང་དུ་བོས་ཀྱང་རུང་སྟེ། འདུ་བྱེད་ཀྱི་ཕོ་བྱུང་འཁོར་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་དང་། ཞེ་སྡང་དང་། ཀཏི་མུག་གི་ཟུག་རྔུ
88b9 རྣམས་འབྱིནད་པར་བྱེད་ལ།། འདུ་བྱེད་ལ་མྱེད་པར་ཡང་བྱེད་དོ།། ཕོ་བྲང་འཁོར་ན་གནས་པ་དེ་དག་གི་ཡིད་ལ་འདི་སྙམ་དུ་ཟུག་རྔུ་འབྱུང་བར་མྱི་འགྱུར་རོ་སྙམ་དུ་སེམས་ཀྱི། དེ་དག་གི་ཡིད་ལ་ཟུག་རྔུ་ནས




iiif viewer powered by OpenSeadragon

88a - 89a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo