| e-texts navigator |
| Wylie |
87a1 དབང་མྱེད་བྱང་ཆུབ་ཀྱི་རྒྱུ་སྤུ་དྲུང་ཐམས་ཅད་དུ་འཇུག་པར་འགྱུར་རོ།། འདོད་ཆེན་པོ་རྣམས་ལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་མོད་ཀྱི། འོདན་ཀྱང་གཡོགས་མ་ཤི་ནད་ཏུ་སྟུག
87a2 པོར་འདུག་གོ།། དཔེར་ནི་དར་ཀྱི་སྲིན་བུ་རང་ཉིད་ཀྱིས་ཀུན་ནས་བཀྲིས་ཏེ། སྒོམ་བཏོད་པས་ཕྱིར་འབྱུང་མྱི་ནུས་པ་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོ་ཡང་དེའི་ལས་ཀྱི་ཉེས་པས་འདོད་ཆེན་པའི་ཁང་ནཱ
87a3 དབྱུང་བར་མྱི་ནུས་སོ།། དེ་བས་ན་འཁོརཀ་ལས་བྱང་ཆུབ་ཀྱི་རྒྱུ་མྱི་ཐོབ་བོ།། རིགས་ཀྱི་བུ་དཔེར་ན་པད་མ་དང་། ཨུད་པ་ལ་དང་། ཀུ་མུ་ཏ་དང་། པད་མ་དཀར་པོ་རྣམས་འད་ཀྱི་ནང་ནས་སྐྱེས་ཀྱང་འདམ
87a4 ཀྱིས་མྱི་གོས་པ་དེ་བཞིན་དུ། མདོ་སྡེ་ཆེན་པོ་འདི་ལ་ཡང་ཐེག་རབ་ཆེན་པོ་རྣམས་ཉོན་མོངས་པ་དང་བཅས་པ་ཡིན་དུ་ཟིན་ཀྱང་། ཉོན་མོངས་པ་མྱེད་པའི་གྲངས་སུ་གཏོགས་སོ།། ཅིའི་ཕྱིར་མྱི
87a5 གོས་ཞེ་ན། དེ་བཞིན་གཤེགས་པའི་སྙིང་པོའི་བྱིན་གྱི་རླབས་ཀྱིས་མྱི་གོས་སོ།། དཔེར་ན་སེར་བུ་བསིལ་བ་ལངས་པའི་ཚེ། དབང་མྱེད་པར་སེམས་ཅན་ཐམས་ཅད་ཀྱི་སྤུ་དྲུང་ཐམས་ཅད་དུ
87a6 ཞུགས་ནས་ཚ་བ་ཐམས་ཅད་ཞི་བར་བྱེད་པ་དེ་བཞིན་དུ། མདོ་སྡེ་ཆེན་པོ་འདི་ཡང་སེམས་ཅན་ཐམས་ཅད་ཀྱི་སྤུ་དྲུང་ཐམས་ཅད་ཅད་དུ་ཞུག་ས་ནས། དབང་བྱེད་པར་བྱང་ཆུབ་ཀྱི་རྒྱུ་ལ་འཇོག་པར་བྱེད་དེ།
87a7 འདོད་ཆེན་པ་སེམས་བསྐྱེད་པ་དགོས་པར་མྱི་འཛིནད་པ་ནི་མི་གཏོགས་སོ།། རིགས་ཀྱི་བུ་དཔེར་ན་སྨནད་པ་ཆེའི་རིག་བརྒྱད་ལ་མཁས་པ་ནི། རད་ཐམས་ཅད་གསོའ་བར་བྱེད་མོད་ཀྱི་གསོར་མྱི་རུང་བ་ནི་གསོ་བར་མྱི།
87a8 ནུས་པ་དེ་བཞིན་དུ། མདོ་སྡེ་དང་ཏིང་ངེ་འཛིནད་ཐམས་ཅད་དང་། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ནད་ཀྱིས་ཐེབས་པ་ཐམས་ཅད་གསོ་བར་བྱེད་ལ། ཉོན་མོངས་པའི་ཟུག་རྔུ་ཐམས་ཅད་ཀྱང་སེམད་པར་བྱེད
87a9 མོད་ཀྱི། ཕམ་པ་མྱེད་པ་རྣམས་དང་། མཚམས་མྱེད་པ་རྣམས་ནི་གསོ་བར་མྱི་ནུས་སོ།། དཔེར་ན་སྨན་པའོ་ཆེའི་རིག་བྱེད་ཡན་ལག་བརྒྱད་ཀྱི་རྒྱུད་ཕྱི་མ་ཤེས་པ་ནི། སེམས་ཅན་ཐམས་ཅད་ཀྱི་ནད་གསོ་བར་བྱེད