e-texts navigator
Collection
Volume
Page
Wylie

86b1 ཏན་རྣམས་ཡོད།། སངས་རྒྱས་ཡོད་དོ་ཞེས་ཟེར་ཞིང་སངས་རྒྱས་སུ་ལུང་སྟོནད་པར་བྱེད་དེ།། པ་དང་ཁྱོད་ཀྱིས་ཉོན་མོངས་པའི་རྣམ་པ་ཆུའི་བུ་པ་བཞིན་དུ་གཞོམ་པར་བྱའོ།། ཐེ་ཙོམ་མྱེད་པར་བྱང་ཆུབ་སྐོམ་པ་བྱ་སྟེ།
86b2 མདོ་སྡེའི་མན་ངག་ནི་དེ་ལྟ་བུ་ཡིན་ནོ་ཞེས། དཔེར་ན་རྒྱལ་པོའི་ཕོ་ཉ་གཙང་ཞིང་སྙིང་ཉེ་ལ། སྨྲ་མཁས་ཤིང་གཟིའ་བྱིན་ཆེ་བ། དཀྲའི་ནང་དུ་རང་གི་སྲོག་དང་བསྔོས་སྟེ། རྒྱལ་པོ་ལ་ཚིག་རྫོགས་པར་སྨྲ་བ་དེ་བཞིན་དུ
86b3 ཤེས་རབ་གིནད་ཏུ་རྒྱས་པ་ཀཅེས་པར་འཛིནད་པ་ནི་བྱིས་པ་རྣམས་ཀྱི་ནང་དུ་རང་ཀ་སྲོག་དང་བསྔོས་ནས། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པས། སངས་རྒྱས་སུ་ལུང་སྟོནད་པར་བྱེད།
86b4 དོ།། དཀོན་པ་པ་མདོ་སྡེ་སྤོང་བ་བྱས་པ་བླུན་པོ།། དགྲ་བཅོམ་པ་ཡིན་པར་འདོད་པ། གང་ཡིན་པ་དེ་དག་ལ་དགྲ་བཅོམ་པ་དང་འདྲའ་བར་ལྟ་ཞིང་སེམས་ཅན་ཆེན་པོ་དང་འདྲ་བར་ལྟ་སྟེ། འདོད་ཆེན་པ་དགེ
86b5 སློང་སྡིག་ཅན་དེ་དགོན་པ་ན་གནས་ཤིང་བདག་ཉིད་དགྲ་བཅོམ་པ་དང་འདྲའ་བར་ཆི་བར་བྱེད་དེ།། དཀོན་པ་ན་གནས་པའི་དགེ་ལ། སློང་རྣམས་གཞན་གྱིས་བོས་པ་མྱི་བཟོད་ལ། རྐྱེནད་བཞི་ལས
86b6 ཤིནད་ཏུ་རྒྱས་པ་ནི་བདུད་ཀྱིས་སྨྲས་པ་ཡིན་ནོ།། བཅོམ་ལྡན་འདས་ནི་མྱི་རྟག་གོ་ཆོས་དང་དགེ་འདུན་ཡང་མྱེད་པར་འགྱུར་རོ།། དམ་པའི་ཆོས་མྱེད་པར་འགྱུར་བའི་ལྟས་དེ་ལྟ་བུ་དག་ཀྱང་སྣང་ངོ་།།
86b7 ཞེས་བྱ་བ་འདི་ཐེག་པ་ཆེན་པོ་ལས་ལེགས་པར་བཤད་དོ་ཞེས་ཟེ་རད་ཏེ། དེ་སྐད་དུ་དམ་པའི་ཆོས་མ་ཡིན་པ་སྨྲས་པ་ནི་འོ་མའི་ཆུ་བཞིན་དུ་མོད་ལ་ལྡང་བར་མྱི་འགྱུར་ཏེ། མེ་ཐལ་བས་བཀའ་ལས་བ་བཤིན་དུ་བྱིས་པ
86b8 འདོད་ཆེན་པ་རྣམས་ཕྱིས་ཚིག་པར་འགྱུར་རོ།། དེ་ལྟར་ན་སངས་རྒྱས་ཀྱི་བསྟན་པ་ཆེན་པོ་ཆེ་འཕྲ་བ་ཡིན་ཏེ། མདོ་སྡེ་འདི་ནི་ཀ་ཏ་ཀའི་འབྲས་བུ་དང་འདྲའོ།། རིགས་ཀྱི་བུ་དཔེར་ན་མེ་ཏོག་པད་མ་ཁ་ཟུམས
86b9 ཉི་མའི་འོད་ཀྱིས་ཕོག་ན་ཕྱེ་བ་དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ཆེན་པོ་འདི་ཐོས་མ་ཐག་ཏུ། བྱང་ཆུབ་ཀྱི་སེམས་མྱི་ཆ་མ་བསྐྱེད་པ་ཡང་མྱི་དགོས་པར་འཛིནད་པའི་སེམས་ཅན་ཐམས་ཅད་ཀྱང




iiif viewer powered by OpenSeadragon

86a - 87a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo