e-texts navigator
Collection
Volume
Page
Wylie

86a1 འཁོར་བའི་མཐའི་བར་གྱི་བྱས་པ་མྱི་མཐོང་སྟེ། ངས་དེ་ད་མདོར་བསྡུས་ཏེ་བསྟནད་ཀྱིས་མཆོག་ཏུ་འཇིགས་སུ་རུང་བར་འཇིགས་པར་གྱིས་ཤིག།། གང་གི་ཚེ་སེམས་ཅན་ཐམས་ཅད་སེམས་གཅིག
86a2 འཐུན་པར་འགྱུར་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་སྲིད་ན། དེའི་ཚེ་འདོད་ཆེན་པ་སྡིག་ཅན་བྱང་ཆུབ་མཆོག་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་སྲིད་པ་ཞིག་ན།
86a3 དེ་ནི་བྱས་པ་མྱི་མཐོང་བ་ཡིན་ཏེ། དཔའ་བོ་ཁྱོད་ཀྱིས་དེ་ལྟར་ཤེས་པར་གྱིས་ཤིག། སུའི་བྱས་པ་ཆུད་མྱི་ཟ་ཞེ་ན་དེ་བཞིན་གཤེགས་པའི་བྱས་པ་ཆུད་མྱི་ཟའོ།། གང་གི་ཚེ་འཁོར་བ་ན་གནས་པའི་སེམས་ཅན་ཐམས་ཅད
86a4 བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེའི་ཚེ། དེ་བཞིན་གཤེགས་པའི་བྱས་པ་ཆུད་མྱི་ཟ་བ་ར་འགྱུར་ཏེ། དེའི་ཚེ་གཏན་ཏུ་ཡོངས་སུ་མྱ་ངན་ལས་འདའ་བས་ཡོས
86a5 སུ་མྱ་ངན་ལས་འདས་ནས། མར་མྱེ་དང་ཤིང་ཟད་པའི་མྱེ་བཞི།། ན་དུ། སངས་རྒྱས་མྱི་རྟག་པར་འགྱུར་རོ།། དེ་བཞིན་དུ།། པའི་སྡིག་པའི་ལས་ཀྱང་སྨད་པ་དང་བཤུང་བ་ཡིན་ནོ།། བྱང་ཆུབ
86a6 ཀྱི་རྒྱུའི་བསོད་ནམས་གང་ཡིན་པ་དེ། གལ་ཏེ་བྱང་ཆུབ་སེམས་དཔའ་སྤོང་བར་བྱེད་ན། དེ་ཡང་ཐེག་པ་ཆེན་པོ་ལས་སྨད་པ་དང་། བཤུང་བ་ཞེས་བྱའོ།། དེ་སྟེ་མྱི་སྤོང་ན་ནི་དེ་ལྟར་རྫོགས་པའི་སངས
86a7 རྒྱས་ཤེས་བྱ་བའི་མྱོང་ཐོགས་པར་འགྱུར་ཏེ།། དེ་ནི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་དོ།། འོ་མ་དང་ནི་སྡིག་པའི་ལས་མོད་ལ་ལྡང་བར་མྱི་འགྱུར་ཏེ། མེ་ནི་ཐལ་བས་གཡོགས་པ་ལ།། བྱིས་པ་སོང་ནས་ཚིག་པ་བཞིན
86a8 འདོད་ཆེན་པོ་ལོང་བ་གཅིག་པུ་དགྲ་བཅོམ་པ་ཡིན་པར་འདོད་པ་ནི། ལམ་མྱི་ཟད་པ་ཆེན་པོར་འགྲོ་འདོད།། བྱམས་པ་དང་ལྡན་པའི་དགྲ་བཅོམ་པ་ཡིན་པར་འདོད་ལ།། ཤིནད་ཏུ་རྒྱས་པ་སུན་དབྱུང་བར་འདོད་དེ།
86a9 དགྲ་བཅོམ་པ་ཡིན་པར་འདོད་ཅིང་། ཉན་ཐོས་ཀྱི་ཐེག་པ་སུན་ཕྱུང་ནས་ངའི་བྱང་ཆུབ་ནི་བྱང་ཆུབ་སེམས་དཔའ་སྟེ། ཤི་ནད་ཏུ་རྒྱས་པ་སྟོནད་པ་ཡིན་ནོ།། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ།




iiif viewer powered by OpenSeadragon

85b - 86b

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo