e-texts navigator
Collection
Volume
Page
Wylie

85b1 ཟག་ཏུ་སེམས་བསྐྱེད་པར་དགོངས་པར་མྱི་མཛད་ཀྱང་། མྱི་མཆོག་དེ་དག་ནི་ཤིང་སལ་ལ་གྱི་དང་། དོང་ཀའ་ཤིང་ལ་སོཚོགས་པ་བཞིན་དུ་བྱང་ཆུབ་ཏུ་འཁྲུར་བར་འགྱུར་རོ།། དཔེར་ན་སེང་ལྡེང་དང་ཏིན་ཏུ་ཀའི་ཤིང
85b2 ལྗོནད་པ་རྣམས་ནི་བཅད་ཕན་ཆད་ས་བོན་ཚིག་པ་བཞིན་དུ་སྐྱེ་བར་མྱི་འགྱུར་བ་དེ་བཞིན་དུ་འདོད་ཆེན་པོའི་སེམས་ཅན་རྣམས་ཀྱིས་ཀྱང་། མདོ་སྡེ་འདི་ལན་མང་དུ་ཐོས་ཀྱང་ས་བོན་ཚིག་པ་བཞིན་དུ་བྱང་ཆུབ་ཏུ་འཁྲུ
85b3 པར་མྱི་འགྱུར་རོ།། དཔེར་ན་སྤྲིན་ཆེན་པོ་ལས་ཆར་བབ་ཏུ་ཟི་ནད་ཀྱང་ས་ཕྱོགས་སྐྱིལ་པོར་འདུག་པ་ལ། ཆུ་མྱི་ཆགས་པ་དེ་བཞིན་དུ་མདོ་སྡེ་ཆེན་པོའི་སྤྲིན་ལང་ལས་ཆོས་ཀྱི་ཆར་འབབ་མོད་ཀྱི། འདོད་ཆེན་པ་ལ
85b4 བྱང་ཆུབ་ཀྱི་རྒྱུ་མྱི་ཆགས་ཏེ། དེ་རྡོ་རྗེ་བཞི་ན་དུ་ཕྱིལ་པོར་འདུག་པའི་ཕྱིར་རོ།། འདོད་ཆེན་པ་རྣམས་ཀྱིས་ནི་དགེ་བ་བྱས་པ་ནི་མྱི་མཐོང་གི། སྨནད་པ་དང་བཤུང་བའི་སྡིག་པ་བཱ་མྦྷི་ནི་མཐོང་ངོ་།། ལེགས
85b5 པ་བྱས་པ་ནི་བྱང་ཆུབ་ཀྱི་དོན་ཏོ།། མྱི་འོང་བ་ནི་མྱི་འཕྲད་པའི་དོནད་ཏོ།། དགོངས་པ་ནི་དགེའ་བའི་དོནད་ཏོ།། དགོངས་པའི། ལས་ཁྱད་པར་དུ་འཕགས་པའི་དགེའ་བ་སུ་ལ་མྱི་འོང་ཞེ་ན།
85b6 ལས་བཟང་པོ་ནི་འདོད་ཆེན་པོ་ལ་མྱི་འོང་ངོ་།། དགེ་བའི་སེམ་ས་སུ་ལ་མྱི་འོང་ཞེ་ན། འདོད་ཆེན་པོ་ཞེས་གྲགས་པ་ནི་དགེ་བ་མྱེ་ད་པའི་སེམས་ཅན་ང་རྒྱལ་གྱི་དབང་དུ་གྱུར་པ་ཡིན་ཏེ།། འདོད
85b7 ཆེན་པ་དེ་ཡ་མྱི་འོང་ངོ་།། གཞིའི་ཡན་ལག་ཅི་ཞེ་ན། མདོ་སྡེ་སྤོང་བའོ།། དེ་བས་ན་མདོ་སྡེ་སྤོང་བ་ནི་འཇིགས་སུ་རུང་བ་ཡིན་ཏེ།། དེས་འཇིགས་སུ་གིས་ཤིག། དེའི་ཕྱིར་ན་མཁས་པ་བརྟན་པོ་རྣམས
85b8 ལམ་པོ་ཆེ་ལ་འདུ་བྱེད་ཡོད་པས་འཇིགས།། བྱིས་པ་རྣམས་ནི་ལམ་ཆེན་འཇིགས་པ་མྱེད།། ང་རྒྱལ་དབང་གིས་མྱི་བཟད་འགྲོ་བར་འགྱུར།། དེས་ན་གློ་ངན་རྣམས་ཀྱིས་དེ་མྱི་ཐོབ།། སྤྲེའུ་རྣམས་ལ་བརྙས་པར་བྱེད
85b9 པ་བཞིན།། མྱིའི་དབང་པོ་ལམ་ཆེན་ཞུགས་པ་ལྟར།། མཁས་པ་བརྟན་པོ་རྣམས་ཀྱིས་ཐོབ་པར་འགྱུར།། གང་གིས་བྱམས་པ་མྱི་མཐོང་ཞེ་ན།། འདོད་ཆེན་པ་སྡིག་ཅན་གིས་བྱས་པ་མྱི་མཐོང་སྟེ།། དེས




iiif viewer powered by OpenSeadragon

85a - 86a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo