| e-texts navigator |
| Wylie |
85a1 ཀྱང་རྡུམ། སུས་མ་བསྒོམས་པ་རྣམས་ཀྱང་ཆུང་། རྒྱམདོ་སྡེ་འཛིན་ཡོད་སྙམ་དུ་ཤེས་ན་ཡང་། སྡིག་པའི་ནད་ཐམས་ཅད་འབྱུང་བར་འགྱུར་རོ།། གསོར་གྱི།
85a2 རུང་བའི་ནང་ས་ན་ཀ་ལ་ཞེས་བྱ་བ་དེ་ནི་ཇི་ལྟར་བྱས་ཀྱང་མྱི་རུང་ངོ་།། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་འཆི་བར་འགྱུར་བའི་རང་ཡིན་པའི་ཕྱིར་ཏེ། དུས་མ་ཡིན་པར་འཆི་བའི་ནད་མ་ཡིན་ནོ།། དེ་བཞིན་དུ་འདོད་ཆེན་པ
85a3 ཡང་མདོ་སྡེ་འདིས་བྱང་ཆུབ་ཏུ་གཞོག་པར་མྱི་ནུས་ཏེ། དེ་ནི་རྒྱུ་མྱེད་པ་དང་ཤི་བ་ཡིན་པའི་ཕྱིར་རོ།། དཔེར་ན་ལག་ཟིལ་མ་མྱེད་པ་དུཀ་ཀིས་མྱི་ཚུགས་ལ། རྨ་ཡོད་པ་ལ་ནི་ཚུགས་པར་འགྱུར་བ་དེ་བཞིན་དུ། འདིར
85a4 ཡང་འདོད་ཆེན་པ་ལ་བྱང་ཆུབ་ཀྱི་སྐུ་ཡང་ཀྱི་སྐྱེའོ།། དེ་ལ་མ་ཉཾ་ས་བྱ་བ་ནི་བྱང་ཆུབ་ཀྱི་རྒྱུའོ།། དུག་ཅེས་བྱ་བ་ནི་མཆོག་ཏུ་བདེ་བའོ། ང་། ལག་འཐིལ་མ་མྱེད་པ་ལྟ་བུ་ནི་འདོད་ཆེན་པའི་སྡིག་ཅན་ཡིན་ནོ།།
85a5 རྡོ་རྗེ་རིན་རིན་པོ་ཆེ་གབ་བྱིན་ཆེན་པོ་ནི་ཛེས་ཀྱང་གཅིག་ཏུ་མྱོ་ནུས་སྔ་གྲངས་གཞན་ཐམས་ཅད་ནས། དེས་ཆོམས་པར་འགྱུར་མོད་ཀྱི། ལུག་རུ་རུ་ནི་མྱི་ཆོད་དོ།། དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་ལཱ
85a6 པའི་མདོ་ཆེན་པོ་འདས་ཀྱང་ཤི་ནད་ཏུ་སྡིག་པའི་ལས་བྱེད་པ་འདོད་པ་ནི་བྱང་ཆུབ་ཏུ་གཞག་པར་མྱི་ནུས་ཏེ། རྒྱུ་མྱེད་པའི་ཕྱིར་ལུག་རུ་རུལ་མྱི་ཚུགས་པ་བཞིན་ནོ།། དཔེར་ན་ཤིང་ས་ལ་ལ
85a7 ཀྱི་དང་། དོད་ཀའི་ཤིང་དང་། ཀ་ན་ཀ་པྲ་བ་དང་། ཤིང་བལ་ཀྱི་ཤིང་དང་། བ་ལ་མྱི་ཀི་དང་། བས་ལྱ་དང་། སྙན་ད་སྟ་བ་དང་། ཀེ་ཏ་ཀི་དང་། པད་ཏྲ་ཀ་དང་། དྷི་ར་ན་དང། ར་ཙེ་ན་རྣམས་ནི་བཅད་དེ་དུམ་བུ
85a8 གཏུབས་ནསཁྱེར་དེ་ཁྱིམ་དུ་བཞག་ཀྱང་། གལ་ཏེ་ཆུའི་རླན་དང་ཕྲད་པ་ནཱམྦུ་དུ་སྐྱེ་བར་འགྱུར་ཏེ། ལོ་མ་ཁ་འབུ་བ་དང་། སྙེ་མ་དང་ལྡན་ཞིང་ཡལ་ཀེ་དང་། སྡོང་བུ་དང་ལྡན་ཏེ་ཤིང་ལྗོན་པ་ཞེས་བྱ་བའི་ཀླས
85a9 སུ་གཏོགས་པར་འགྱུར་རོ།། དེ་བཞིན་དུ་བསྟནད་པ་འདི་ལ་ཡང་ཕམ་པར་བྱེད་པ་དང་། མཚམས་མྱེད་པ་བྱེད་པ་རྣམས་དང་། ཤིང་ཏ་ལའི་མགོ་བཅད་པ་བཞིན་དུ་གྱུརྡ་པ་ལས། མདོ་སྡེ་འདི་ཐོས་མ