e-texts navigator
Collection
Volume
Page
Wylie

84b1 མྱེད་པའི་ལས་རྣམས་ཀྱི་འདམ་རྫབ་དང་རྟོག་པ་བསལྡ་ནས། བྱང་ཆུབ་ཀྱི་རྒྱུ་ལ་འགོད་པར་བྱེད་དེ་འདོད་ཆེན་པོ་ནི་མ་གཏོགས་སོ།། ཀ་ཏའི་འབྲས་བུས་ཀྱང་རྙོག་པ་དང་བར་བྱེད་པར་ཟད་ཀྱི། ལོ་སྟོང་གི་བར་དུ་འདང་།
84b2 དུ་ཟིན་ཀྱང་། འདམ་རྫབ་དེ་ལས་ཆུ་འབྱུང་བར་མྱི་ནུས་སོ།། དེ་བཞིན་དུ་འདོད་ཆེན་པ་ཡང་དགེ་བའི་ཆ་བ་ཟད་ཅིང་གཞི་མྱེད་པར་གྱུར་ད་པས་ཡིན་པས། དེས་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ལོ་བྱེ་བར
84b3 ཐོས་སུ་ཟནད་ཀྱང་བྱང་ཆུབ་ཀྱི་རྒྱུ་སྐྱེད་པར་ཡོང་ཡེ་མྱི་ནུས་ཏེ་དེ་སའ་དགེ་བ་མྱེད་པའི་ཕྱིར་རོ།། རིགས་ཀྱི་བུ་དཔེར་ན། དུག་སྨན་གི་སྡོང་པོ་སྨན་གྱི་རྒྱལ་པོ་ཆེན་པོ་ན་དེར་བའམ། བུ་རམ་འམ། ཞུན་མར་རམ
84b4 འོ་མ་འམ། ཆུ་དང་སྦྱ་རད་ཏམ། ཕྱེ་མའམ་མདག་ཀུ་འམ་ཐུག་པར་བྱས་སམ། ཁ་སྐུས་སས། དུད་པས་བདུགས་སམ། མྱིག་བསྐུས་སམ། དྲི་ཚོར་རམ་མཐོང་ངམ་རེག་པར་གྱུརྡ་ཀྱང་རུང
84b5 སྟེ་སེམས་ཅན་ཐམས་ཅད་ཀྱི།། ནད་སེལྡ་པར་བྱེད་པ་ཤི་། སྔོནད་པ་དེ་འདི་སྙམ་དུ་བདག་གི་ལོ་མ་ཁྱེར་ན་ཅུང་ངོ་། ཕ་བ་ཁྱེར་ན། མྱི་རུང་ངོ་སྙམ་པ་རམ། བདག་གི་ཆ་བ་ཁྱེར་ན་རུང་ངོ་།། ལོ་མ་ཁྱེར
84b6 ན་མྱི་རུང་ངོ་སྙམ་པའམ། སྡོང་བུ་ཁྱེར་ན་རུང་ངོ་། ཤུན་པ་ཀས་ཁྱེར་ན་མྱི་རུང་ངོ་སྙམ་པའམ། ཤུན་པགས་ཁྱེར་ན་རུང་ངོ་། སྡོང་བུ་ཎྱེ་ར་ན་མྱི་རུང་ངོ་སྙམ་དུ་མྱི་སེམས་ཏེ། དེ་དེ་ལྟར་སེམས་མྱི་སྐྱེད་མོད
84b7 ཀྱི། འོན་ཀྱང་དེ་ནི་སྨན་ཁོ་ན་ཡིན་ཏེ། ནད་ཐམས་ཅད་སེམད་པར་བྱེད་དོ།། རིགས་ཀྱི་བུ་དེ་བཞིན་དུ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་ཡང་། སེམས་ཅན་ཐམས་ཅད་ཀྱི་སྡིག་པའི་ལས
84b8 ཀྱི་ནད་རྣམས་སེལྡ་པར་བྱེད་དེ། ཕམ་པ་བྱེད་པ་རྣམས་ཀྱང་རུང་མཚམས་མྱེད་པ་རྣམས་ཀྱང་རུང་། འདི་ལས་ཕྱི་རོལ་པ་རྣམས་ཀྱང་རུང་སྟེ། བྱང་ཆུབ་དགོས་པར་མྱི་འཛིནད་ཅིང་། སེམས་མ་བསྐྱེད་ཀྱང་བྱང
84b9 ཆུབ་ཀྱི་རྒྱུ་སྐྱེད་པར་བྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། སྡིག་པ་ཐམས་ཅད་ནི་དུག། སྨན་གི་སྡོང་པོའི་སྨན་ནི། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ཆེན་པོ་ཡིན་པའི་ཕྱིར་རོ།། ལུས་བསྒོམས་པ་རྣམས




iiif viewer powered by OpenSeadragon

84a - 85a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo