e-texts navigator
Collection
Volume
Page
Wylie

84a1 ཤིང་སྨག་སྟེ། སད་ནས་ནང་པར་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱེད་དེ། དེ་དག་གི་ནས་སེམས་ཅན་དམྱལ་བ་རྣམས་སུ་འཚེད་པ་དང་། ཡི་དགས་ཀྱི་འཇིག་རྟེན་ནམ། མཐོའ་རིས་སུ་སྐྱེས་ཀྱི།
84a2 རུང་སྟེ། རྗེས་སུ་དྲན་ནས་དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་འགྱུར་རོ།། དེ་ལྟར་ན་ཡོངས་སུ་མྱ་ངན་ལས་འདྲ་བ་སྔོན་མ་རྗེ་པོ་འདི་ནི་མཐུ་ཆེ་སྟེ། མྱི་དགོངས་པར་འཛིནད་ཅིང་སེམས་མ་བསྐྱེ
84a3 ཀྱང་བྱང་ཆུབ་ཀྱི་ཆུལ་བྱེད་པར་བྱེད་དོ།། རྒྱུ་ནི་དེ་ཡིན་ནོ།། རྐྱེན་ནི་དེ་ཡིན་ཏེ། ཐེག་པ་ཆེན་པོ་འདི་ལ་ནི་རྒྱུ་མྱེད་པ་མ་ཡིན་ནོ།། དེ་བས་ནི་ངའི་བསྟནད་པ་ནི་སངས་རྒྱས་ཀྱིས་གསུངས་པ་ཞེས་བྱའོ།། རིགས་ཀྱི་།
84a4 གཞན་ཡང་ནམ་མཁའ་ལས་སྤྲིན་ཆེན་པོ་ཆར་འབེབས་པ་ན། ས་ཆེན་པོ་ཆུས་གང་བར་འགྱུར་ལ།། གྲམ་པའི་ས་ཕྱོགས་སུ་ནིཿར་ཆེན་པོ་བབ་ཏུ་ཟི་ནད་ཀྱང་། ཆུ་ཅུང་ཟད་ཀྱང་གནས་པར་མྱི་འགྱུར།
84a5 གར་གཞོལ་བར་འབབ་ལ། བབ་ནས་ཀྱང་དེར་གནས་པ། འགྱུར་ཏེ། སེམས་ཅན་ཐམས་ཅད་ལ་ཡང་ཕན་འདོགས་པར་ལ་བྱུང་བ་དེ་བཞིན་དུ། མདོ་སྡེ་ཆེན་པོ་འདི་ལས་དམ་པའི་ཆོས་ཀྱི
84a6 ཆར་འབབ་མོད་ཀྱི། འདོད་ཆེན་པ་ལ་ནི་བྱང་ཆུབ་ཀྱི་རྒྱུ་སྐྱེ་བ་ར་འགྱུར་ཏེ་སྐྱེ་མྱི་སྲིད་དོ།། གཞན་དག་ལ་ནི་ས་གཞལ་བའི་ཆུ་མྱི་ཞིན་དུ་སྐྱེ་བར་བྱེད་དོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན་སྲན་སྡེ།
84a7 འམ། སྲན་སྤྲེའུ་འམ། སྲན་ནི་སྤའི་ས་བོན་ཚིག་པ་རྣམས་ལ་སྤྲིན་ཆེན་པོའི་ཆེར་སྟོང་དུ་བབ་ཀྱང་མྱུ་གུ་མྱེད་པར་མྱི་ནུས་ཏེ། དེ་དག་ལས་མྱུ་གུ་འབྱུང་མྱི་སྲིད་།། དེ་བཞིན་དུ་འདོད་ཆེན་པ་རྣམས་ཀྱིས་ཡོངས་སུ
84a8 མྱ་ངན་ལས་འདས་པ་ཆེན་པོ་འདི་ཐོས་སུ་ཟིན་ཀྱང་བྱང་ཆུབ་ཀྱི་རྒྱུ་ཐོབ་མྱི་སྲིད་དེ།། དེ་དག་ནི་དགེའ་བའི་ཕ་བ་ཟད་པ་ཡིན་པའི་ཕྱིར་ས་བོན་ཚིག་པ་དང་འདྲའོ།། རིགས་ཀྱི་བུ་དཔེར་ན་ཀ་ཏའི་འབྲས་བུ་ཆུ་རྙོག་པ་ཅར
84a9 ཀི་ནང་དུ་བཅུག་ན་རྙོག་པ་བསལ་ཏེ། ཆུ་དང་བར་བྱེད་ཏེ་དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ཆེན་པོ་འདི་ཡང་ཀ་ཏ་ཀའི་འབྲས་བུ་བཞིན་དུ། སེམས་ཅན་རྣམས་ཀྱི་ཕམ་པ་རྣམས་དང་། མཚམས




iiif viewer powered by OpenSeadragon

83b - 84b

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo