e-texts navigator
Collection
Volume
Page
Wylie

80a1 བདག་ཉིད་དང་འདྲ་བར་མཐོང་ངོ་།། སྐད་དང་འདུ་ཤེས་དང་ཡི་གེ་ཐ་དད་པ་རྣམས་ཀྱིས་ཀྱང་བདག་ཅག་དང་འདྲའོ་སྙམ་དུ་འཛིནད་ཏོ།། བདག་གི་སྐད་དུ་སྨྲའོ།། བདག་གི་འདུ་ཤེས་དང་འཐུན་ནོ།།
80a2 བདག་གི་ཁ་ཟས་ཟའོ་སྙམ་དུ་འཛི་ནད་ཏོ།། ལུས་ཆེ་བ་རྣམས་ཀྱང་དེ་བཞིན་གཤེགས་པ་ནི་བདག་ཅག་དང་འདྲའོ་སྙམ་དུ་འཛིནད་ཏོ།། ཁ་ཅིག་གིས་ནི་ཉན་ཐོས་དང་རང་སངས་རྒྱས་ཡིན་ནོ་སྙམ་དུ་འཛིནད་ཏོ།། ཁ་ཅིག།
80a3 གིས་ནི་ཡ་མཚན་ཅན་ཐམས་ཅད་ཀྱི་ནང་དུ་རབ་ཏུ་བྱུང་བར་མཐོང་ངོ་།། ཁ་ཅིག་གིས་དེ་བཞིན་གཤེགས་པ་བདག་ཅག་གི་ཕྱིར་འཇིག་རྟེན་དུ་བྱུང་ངོ་སྙམ་དུ་འཛིནད་ཏོ།། དཔེར་ན་ཟླ་བ་རང་བཞིན་དུ་ད་ལ་སོ་སོའི་རང་བཞིན་དུ
80a4 ཐམས་ཅད་མགུ་བར་བྱེད་པ་དེ་བཞིན་དུ།། དེ་བཞིན་གཤེགས་པས་ཀྱི་སྐུ་ཡི་ནི་འཞིན་བྱམབས་ཀྱི་ཊ། སྨན་གྱི་སྡོང་པོ་དང་འདྲ་བར་འཛིནད་ཅིང་། སེམས་ཅན་རྣམས་མགུའ་བར་མཛད་དེ། འཇིག་རྟེན་ཐམས་ཅད་དང་འཐུན་པར།
80a5 མཛད་པ་དག་གིས་སྐྱེས་པའི་རབས་སྟོང་ཕྲག་མང་པོ་སྟོནོད་པར། མཛད་དོ།། དེ་བས་ན་དེ་བཞིན་གཤེགས་པ་ནི་ཐམས་ཅད་དུ་སྐྱེ་བ། སྟོནོད་པའི་ཕྱིར་སྐྱེས་པའི་རབས་ཀྱི་ཟླ་བ་ཞེས་བྱའོ།། དེ་བས་ན
80a6 དེ་བཞིན་གཤེགས་པ་རྟག་པ་དང་བརྟན་པ་ཡིན་ནོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན། ཟླ་བ་དང་། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅནའཕྲད་པའི་ཚེ།། འཇིག་རྟེན་པ་རྣམས་ཀྱི་ཟླ་བ་གཟས་ཟིནད་ཏོ་སྟེ
80a7 དུ་འཛིནད་ཏེ། སྒྲ་ཀ་ཅན་ནི་ཟླ་བ་ལ་འཛིནད་པར་ཡང་མྱི་བྱེད་ལ། དེས་ནི་དེ་ལ་ཟ་བར་ཡང་མྱི་ནུས་ཏེ། སྒྲ་གཅན་གི་ལག་པས་ཟླ་བ་བསྒྲིབས་ན་འོད་མྱི་སྣང་བར་བྱེད་པར་ཟད་དེ།། ཟླ་བ་ལ་རྨ་ཡང་མྱེད། ཉན་མོངས་པ་ཀྱེའོ།།
80a8 ཀླག་ད་ཟླས་པ་དེ་ཙ་དུ་ཟླ་བའི་འོད་མྱི་སྣང་བར་འགྱུར་ལ།། སྒྲ་གཅན་གྱིས་ཟླ་བ་བཏང་བའི་ཚེ་ནི་ཁ་ནས་འབྱུང་བ་ལྟ་བུར་སྣང་སྟེ། མྱི་རྣམས་ཀྱིས་ཟླ་བ་ནི་སྡུག་བསྔལ་ཞིང་འདུག་ཀོ་སྙམ་དུ་འཛིནད་ཏོ།། ཟླ་བ་ནི
80a9 རང་བཞིན་ཁོ་ནར་འདུག་བཞིན་དུ། བདག་ཉིད་སྒྲ་གཅན་དང་ལྷན་ཅིག་འདུག་པར་སྟོནད་ཏོ།། འདི་ནི་འཇིག་རྟེན་གི་ཆོས་ཉིད་དོ།། སྨ་གཅན་བྱེ་བ་སྙེད་ཀྱིས་ཀྱང་ཟླ་བ་གསད་པའམ་གཞིག་པར་མྱི་ནུས་ཏེ། ཟླ་བ་རང




iiif viewer powered by OpenSeadragon

79b - 80b

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo