| e-texts navigator |
| Wylie |
7b1 རབ་མཆོག་ཅེས་བྱ། གཙོ་བོ་ཞེས་བྱའོ།། དེ་བཞིན་གཤེགས་པ་དུ་ཐམས་ཅད་ལ་ཡང་སྦྱར་བར་བྱ་སྟེ། འདིར་དཀར་པོའི་ཕྱོགས་ཀྱི་མ་ཐབས་དང་སྦྱར་རོ།། ཉན་ཐོས་ཀྱི་ཐེག་པའི་ཡང་དག་པར་ལྡན་པའི་མདོའི་རྣམ་པར་དབྱེ་བ་ཡང་།
7b2 འདིར་སྦྱར་བར་བྱའོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན། ས་དྲིས་པ་རྒྱས་པའི་རད་ཀྱིས་ཁེབས་པ་ལ་ནི་མར་དང་དངར་བ་བརྒྱད་གི་སྨན་འབའ་ཤིག་སྐྲག་པར་ཕན་པ་དེ་བཞིན་དུ། དེ་བཞིན་གཤེགས་པའི་དགོངས་པའི་ཚིག་ཀི་ལ
7b3 མཁྲིས་པ་རྒྱས་པའི་ནད་གི་ཟི་ལེད་པ་ཡང་མཐེག་པ་ཆེན་པོ་མདོ་སྡེ་དང་མྱ་ངན་ལས་འདས་པ་ཆེན་པོའི་དངར་བ་བརྒྱད་གི་སྨན་འབའ་ཤིག་ལྷག་པར་ཕན་ཏེ། འདིར་མངར་བ་བརྒྱད་གང་ཞེ་ན། རྟག་པ་དང་། བརྟན་པ་དང
7b4 བེར་ཁྲག་དང་། ཞི་བ་དང་། བསིལ་བའི་རང་བཞིན་དང་། དཀའ་བ་བྱེད་པ་དང་། འཆི་བ་མྱེད་པ་དང་། དྲི་མ་བྱེད་པ་དང་། བདེ་བ་སྟེ། འདི་རྣམས་ནི་འདིར་དང་མ་པ་བརྒྱད་ཅེས་བྱ་སྟེ། གང་གི་ཕྱིར་དང་མ་པ་ཆེན
7b5 པོ་ཡིན་པས་ན། དེའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་། ན་པོ་ཞེས་བྱའོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མྱིང་དང་ཡོན་ཏན་དང་ཚུལ་དེ་ལ་གནས་ན་ཡོངས་སུ་ངན་ལས
7b6 འདས་པ་རྣམས་དུ་མ་སྟོན་ཏེ། དེ་བླ་ན་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ།། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཡོངས་སུ་མྱ་ངན་ལ་ས་འདས་པ་ཆེན་པོ་འདིས་མྱ་ངན་ལས་འདའ་བར་འདོད་པ་ནི།
7b7 བཞིན་གཤེགས་པ་དང་ཆོས་དང་དགེ་འདུན་རྟག་གོ་ཞེས་བྱ་བ་ལ་བརྩོན་པར་བྱའོ།། རིགས་ཀི་བུ་འམ་རིགས་ཀྱི་བུ་མོ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་སྤྱོད་པ་སྤྱད་པར་འདོད་པས་ནི། དེ་བཞིན་གཤེགས་པ་རྟག་གོ།།
7b8 ཞེས་བྱ་བ་ལ་བརྩོན་པར་བྱའོ།། གསོལྡ་པ། ཀྱེ་མ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བསམ་གྱིས་མྱི་ཁྱབ་ལགས་སོ།། ཆོས་བསྟནད་པ་བསམ་གིས་མྱི་ཁྱབ་ལགས་སོ།། དགེ་ལ་འདུན་ཡོན་ཏན་གི་ཚོགས
7b9 དང་ལྡན་པ་བསམ་གྱིས་མི་ཁྱབ་ལགས་སོ།། དེ་བཞིན་དུ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཡང་བསམ་གྱིས་མྱི་ཁྱབ་ལགས་སོ།། འདི་ལ་གང་དག་དཀའ་བཞིན་དུ་བྱེད་པ་དེ་དག་ནི། ཡང་དག་པར་འཛིན