e-texts navigator
Collection
Volume
Page
Wylie

7a1 ཉོན་མོངས་པ་སྣ་ཚོགས་བྱེ་བ་སྙེད་ཀྱི་རང་བཞིན་གི་འདུན་ལས་སོགས་པ། བདུད་ཐམས་ཅད་ལས་རྣམ་པར་རྒྱལ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སུས་འདོར་ཞིང་འཆི་བ་འདི་ཁོ་ན་ཉིད་དུ་འདུ་བར་འགྱུར་ཏེ།
7a2 དེ་བས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ།། གཞན་ཡང་དཔེར་ན་སྨན་དཔྱད་རིག་པ་གསུམ་ལས་སྩོགས་པའི་རིག་པ་རྣམས་ནི།། རང་རང་གི་རྒྱུད་ཕྱི་མ་ཁོ་ནའི་ཁོངས་སུ་འདུ་བར་འགྱུར་བ་དེ་བཞིན་དུ། དེ་བཞིན
7a3 གཤེགས་པས་གསུངས་པའི་དགོངས་པའི་ཚིག་གསང་བའི་ཆོས་ཀྱི་སྒོ་རྣམ་པ་སྣ་ཚོགས་ཐམས་ཅད་ཀྱང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་ཁོ་ནའི་ཁོངས་སུ་འདུ་བར་འགྱུར་བས་ན། དེའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས
7a4 པ་ཆེན་པོ་ཞེས་བྱའོ།། དཔེར་ན་དབྱར་གི་དུས་སུ་ཞིང་བས་གཞོལ་ཆེན་པོས་རྨོས་ཏེ། ས་བོན་བཏབ་ནས་ས་བོན་འགྲུབ་པར་འདོད་ལ་གྲུབ་ནས་ནི་ཐམས་ཅད་གྲུབ་མཐུག་པ་དེ་ཡིན་པའི་ཕྱིར། འདོད
7a5 པ་མྱེད་པར་འགྱུར་བ་དེ་བཞིན་དུ། སེམས་ཅན་རྣམས་ཀྱིས་མདོ་ཐམས་ཅད་ཀྱི་ཏིང་ངེ་འཛིནད་བསྒོམས་ཟིན་ནས་ཀྱང་མདོའ་གཞན་གི་བཅུད་འདོད་པར་བྱེད་ལ་མདོ་འདིའི་བཅུད་ནི་ཐམས་ཅད་གྲུབ་པའི
7a6 མཐར་ཐུག་པ་དང་། འདིས་སེམས་ཅན་ཐམས་ཅད་སྲིད་པ་ཐམས་ཅད་ལས་རྒལ་བར་འགྱུར་བ་ཡིན་ནོ།། རིགས་གི་བུ་དཔེར་ན་རྗེས་གི་སྣ་གྲངས་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་གླང་པོ་ཆེའི་རྗེས་ཀྱི་ཁོངས་སུ་འདུས་པར་འགྱུར་ཏེ།
7a7 གླང་པོ་ཆེའི་རྗེས་ནི་དེ་དག་གི་ནང་ན་མཆོག་ཅེས་བྱ། རབ་མཆོག་ཅེས་བྱ། གཙོ་བོ་ཞེས་བྱ་བ་དེ་བཞིན་དུ། རིགས་གི་བུ་མདོའི་ཏིང་ངེ་འཛིན་ད་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཁོ་ནའི་ཁོངས་སུ
7a8 འདུ་བར་གྱུར་ད་ཏེ། མདོའི་ཏིང་ངེ་འཛིནད་ཐམས་ཅད་ཀྱི་ནང་ན་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ཆེན་པོ་མཆོག་ཅེས་བྱ། རབ་མཆོག་ཅེས་བྱ། གཙོ་བོ་ཞེས་བྱའོ།། རིགས་གི་བུ་གཞན་ཡང་དཔེར་ན། སྟོན་གི་དུས་སུ་ཡོག
7a9 བཏབ་པ་ན་ཆོས་ཐམས་ཅད་ཀྱི་མཆོག་ཅེས་བྱ། རབ་མཆོག་ཅེས་བྱ། གཙོ་བོ་ཞེས་བྱ་བ་དེ་བཞིན་དུ། ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ཆེན་པོའི་རྟག་པ་ཉིད་གི་གཞོལ་ཆེན་པོས་མོས་པ་ནི་མདོ་ཐམས་ཅད་ཀྱི་མཆོག་ཅེས་བྱ




iiif viewer powered by OpenSeadragon

6b - 7b

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo