e-texts navigator
Collection
Volume
Page
Wylie

79a1 ཟླ་བ་ནི་རང་བཞིན་གྱིས་སྐྱེས་ཐོན་པ་ཡིན་ཏེ།། སྣང་བྱེད་རྣམས་ཀྱི་ཆོམ་ཉིད་ནི་དེ་མིན་ན།། དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོང་གསུམ།
79a2 ཀྱི་སྒོ་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། འཇས་སུའི་རྨོངས་ཡང་རྣམམ་ཟད་པ་ལས་སྒོས་པ་ས་བསྣང་སྟེ། སེམས་ཅས་རྣམས་ཀྱིས་སྐྱེམ་མོ་སྙམ་དུ་འཛིན་དུ་ལ། དེ་བཞིན་གཤེགས་པ་ལ་ཞུམ
79a3 མྱེད་དོ།། འཛམ་བུ་གླང་ལ་ལར་ནི་ཡོངས་སུ་མྱ་ངན་ལས་འདའ་བ་ལྟ་བུར་ཡང་སྣང་ལ། དེ་བཞིན་གཤེགས་པ་ལ་ནི་འཆི་བ་མྱེད་དོ།། སེམས་ཅན་རྣམས་ཀྱིས་ནི་ཞི་བའི་སྙམ་དུ་འཛིནད་ཏོ།། དེ་བཞིན
79a4 གཤེགས་པ་ནི་ལྟུང་བ་དང་སྐྱེ་བ་ལྟ་བུར་སྣང་ཡང་། སྐྱེ་བ་ཡ་ང་མྱེད་འཆི་བ་ཡང་མྱེད་དོ།། གདུལ་བར་བྱ་བའི་དབང་གིས་ནི། ཟླ་བ་བཞིན་དུ་ཡཱ་དྷུ་བཱ་མཛད་དོ།། ཟླ་བ་ནི་གླེང་ཁ་ཅིག་ཏུ་ཟླ་བ1
79a5 བ་ཡོངས་སུ་རྒྱས་པ་ལྟ་བུར་སྣང་སྟེ། སེམས་ཅན་རྣམས་ཀྱི། ས་ཟླ་བ་ཉའོ་སྙམ་དུ་འཛིནད་ཏོ།། ཟླ་བ་ནི་གློང་ཁ་ཅིག་ཏུ་ཡི་ན།། ཏ་འདྲ་བར་ཟླ་བ་ཚེས་པ་ར་ཡང་སྣང་སྟེ། འཛམ་བུ་གླིང
79a6 པ་རྣམས་ཀྱིས་དེང་ཟླ་བ་ཚེས་གཅིག་ཡིན་ནོ་སྙམ་དུ་འཛིནད་ཏོ།། དེ་ནས་ཟླ་བ་ཕྱེད་པར་འཛིནད་ཏོ།། དེ་ནས་ཚེས་བཅོ་ལྔ་ཡིན་ནོ་སྙམ་དུ་ཟླ་བ་ཉེ་བར་འཛིནད་ཏོ།། ཁ་ཅིག་གིས་གིས་ནི་ཟླ་བ་ཕྱེད་པ་ཡིན་པར
79a7 འཛིནད་ཏེ། ཟླ་བ་ནི་ཕྱེད་དུ་འགྱུར་ཞིང་འཆར་བ་ཡང་མྱེད་དེ། ལྟུང་བ་ཡང་མྱེད་དོ།། ཟླ་བ་ནི་རི་རབ་ཀྱི་རྐྱེནད་ཀྱིས་དེ་ལྟར་སྣང་ངོ་།། རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར
79a8 རྫོགས་པའི་སངས་རྒྱས་ཀྱང་འཛམ་བུ་གླིང་ལ་ལར་ནི་ཡོངས་སུ་མྱ་ངན་ལས་འདས་པ་ལྟ་བུར་སྣང་སྟེ། སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་སོ་སྙམ་དུ་འཛིནད་ཏོ།།
79a9 འཛམ་བུ་གླིང་ལ་ལར་ནི་ཟླ་བ་ཚེས་པ་བཞིན་དུ་སྐྱེ་བ་ལྟ་བུར་སྣང་སྟེ། སེམས་ཅན་རྣམས་ཀྱིས་ཁྱེའུ་འདི་སྐྱེས་སོ་སྙམ་དུ་འཛིནད་ཏོ།། ཟླ་བ་ཚེས་གཉིས་དང་འདྲ་བ་ནི་ལྷའི་ཐད་དུ་འགྲོ་བར་འཛིནད་ཏོ།།




iiif viewer powered by OpenSeadragon

78b - 79b

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo