e-texts navigator
Collection
Volume
Page
Wylie

78b1 ཇི་ལྟར་བཞུགས་ལགས།། མྱི་རི་ཁ་ན་མཆིས་པས་ནི་མཐོང་ཏུ་རུང་སྟེ། འདི་ནི་མཆིས་ན་གདོད་རུང་བ་ལགས་ན།། ཡོངས་སུ་མྱ་ངན་ལས་འདས་པས་ཇི་ལྟར་མཐོང་ལགས།། བཀའ་སརྦལྡ་པ། ཤེས་རབ
78b2 ཀྱི་ཁང་བཟངས་ན་མྱ་ངན་ལས་འདས་པའོ།། མྱ་ངན་མྱེད་པ་ནི་དེ་བཞིན་གཤེགས་པའོ།། མྱ་ངན་གི་ཤེས་ཆེ་བ་ནི་སྐྱེ་དགུ་རྣམས་ཡིན་ཏེ། དེ་དག་ནི་མྱ་ངན་ཅན་ཡིན་ལ། དེ་བཞིན་གཤེགས་པ་ནི་མྱ་ངན་མྱེད་པའོ།།
78b3 རི་ཞེས་བྱ་བ་མྱ་ངན་མྱེད་པའོ།། རི་ཞེས་བྱ་བ་ནི་ཐ་དད་པ་ཡིན་ཏེ།། རི་རབ་བཞིན་དུ་བརྟན་པའི་ཕྱིར་རོ།། མ་ཞེས་བྱ་བ་ནི་འདུ་བྱེད་རྣམས་སོ།། བྱིས་པ་རྣམས་ཅད་ནི་སེ་ལ་འཁོད་པའོ།། ཤེས་རབ་ཅན་ཞེས་བྱ།
78b4 བ་ནི་རྫོགས་པའི་སངས་རྒྱས་ཀྱི་དོན་ཏེ། དེ་བཞིན་གཤེགས་པ་ནི་མྱ་ངན་མྱེད་ཅིང་བརྟག་པའི་ཕྱིར་རོ།། སངས་རྒྱས་ནི་མྱ་ངན་ཅན་གྱི་ནང་ན་མྱ་ངན་མྱེད་པ་སྟེ། སེམས་ཅན་རྣམས་ཀྱི་མྱ་ངན་གི་ཟུག
78b5 རྔུ་སེལྡ་པའོ།། གསོལ་པ། གལ་ཏེ་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པ་ན་ནི་ད་དུང་མྱ་ངན་མངའ་སྟེ། རྫོགས་པ། གེར་སངས་མ་རྒྱས་པ་ཞེས་བགྱིའོ།། བཀའ་ས་ཁད་པ་རྒྱུ་དེས
78b6 དེ་གང་ན་གདུལ་བར་བྱ་བ་རྣམས་ཡོད་པ་དེར་ནི་རྫོགས་པའི་སངསརྒྱས་སྣང་སྟེ། དེར་སྐྱེ་བ་ལྟ་བུར་སྟོནད་ཏོ།། དེ་བས་ན་དེ་བཞིན་ཀ་ཤེགས་པའི་ནི་རྟག་པ་ཡིན་ཏེ། སངས་རྒྱས་བྱ་ཀཞད་དང་ཟལ
78b7 མོ་ལྟ་བུ་ཞེས་བྱའོ།། ། བམ་པོ་བཅུ་གཅིག་པའོ།། ། རིགས་ཀྱི་བུ་དཔེར་ན། ཟླ་བ་ནི་ཉིད་བར་སྣང་བ་ན་ཁ་ཅིག་ཏུ།
78b8 ལྟུང་བ་ལྟ་བུར་སྣང་སྟེ། དེ་ནས་སེམས་ཅན་རྣམས་ཀྱིས་ཟླ་བ་ལྟུང་ངོ་སྙམ་དུ་འཛིནད་ཏོ།། ཟླ་བ་ནི་མྱེད་པར་མྱི་འགྱུར་ཏེ་གླེང་གཞན་དུ་འཆར་བར་འགྱུར་ལ། དྲིར་ཡང་ཟླ་བ་སྐྱེ་བ་མྱེད་དོ།། སེམས་ཅན་རྣམས
78b9 ཀྱིས་ནི་ཟླ་བ་ཤ་རང་ཏོ་སྙམ་དུ་འཛིནད་ཏོ།། ཟླ་བ་ནི་ལྟུང་བ་ལྟ་བུར་སྣང་ཡང་འཇིག་པར་མྱི་འགྱུར་ལ།། འཆར་བ་ལྟ་བུར་སྣང་ཡང་སྐྱེ་བ་མྱེད་དེ། རིའི་རྒྱལ་པོར་རབ་ཀྱིས་བསྒྲིབས་པས་མྱི་སྡང་བར་ཟད་ལ




iiif viewer powered by OpenSeadragon

78a - 79a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo