| e-texts navigator |
| Wylie |
75a1 སྲན་མ་དང་སྲན་སྣེའུ་དང་། སྲན་བུ་གྲེའུ་ལས་སྩོགས་པ་འབྲུའི་སྣ་གྲངས་རྣམས་མེ་ཏོག་ཀི་ནུས་ནས་འབྲས་བུའི་དུས་ཀྱི་བར་དུ་ནི་མྱོ་རྟག་པའི་ཁོངས་སུ་འདུས་སོ།། བུབ་མ་མྱེད་པར་གྱུརྡ་ན་ནཾ།
75a2 སེམས་ཅན་ཐམས་ཅད་ལ་ཕན་འདོགས་པར་འགྱུར་ལ། འབྲུའི་གྲངས་ཀྱི་ཁོངས་སུ་འདུས་ཏེ། དེས་ན་རྟག་པ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། རང་བཞིན་དུ་གྱུར་པའི་ཕྱིར་རོ།། གསོལ་ད་པ། བཅོམ
75a3 ལྡན་འདས་ཅི་ལེགས། དེ་དག་སླད་ཀྱིས་མ་མཆིས་པར་མྱི་འགྱུར་ལགས་སམ།། དེ་དག་སྐད་ཀྱིས་མ་མཆིས་པར་མྱི་འགྱུར་བཞིན་དུ། དེ་བཞིན་གཤེགས་པ་རྟག་པ་ཞེས་བགྱི་ལགས་སམ། བཀའ
75a4 ཡདྲ་པ། དེ་བཞིན་གཤེགས་པ་རི་རབ་བཞིན་ཞེ་སྟེ་བླང་མོ་ད་ཀྱྀ། རིའི་རྒྱལ་པོ་རི་རབ་ཀྱང་འཇིག་པའི་བསྐལ་པས་འཇིག་པར་འགྱུར་བ་བཞིན་དུ། དེ་བཞིན་གཤེགས་པ་ལ་ཁྱོད་དེ་ལྟར
75a5 མ་མཛིན་ཅིག། མྱ་ངན་ལས་འདས་པ་མ་གཏོགས་པར་འཇིག་རྟེན་ཐམས་ཅད་ན་འཇིགས་པར་མྱི་འགྱུར་བ་ཅུང་ཟད་ཀྱི་མྱེད་ཀྱིས། འཇིག་རྟེན་དཔའཐུན་པའི་ཚུལ་གྱིས་ཀུན་རྫོབ
75a6 ཀྱི་ཐ་སྙད་ཀྱི་རྗེས་སུ་འཇུག་པར་གྱིས་ཤིག། གསོལ་པ་བཅོམ་ལྡན་འདས་ལེགས་ལགས་སོ།། བཀའ་ས་ཡ་པ། རིགས་ཀྱི་བུ་དེ་བཞིན་དུ་མདོ་སྡེ་ཐམས་ཅད་དང་། ཏིང་ངེ་འཛིནད་ཐམས
75a7 ཅད་ཀྱི་བསྒོམ་པ་བསྒོམས་པའི་འབྲས་བུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ཆེན་པོ་འདི་སེམས་ཅན་རྣམས་ཀྱིས་ནམ་མ་ཐོས་ཀྱི་བར་དུ་ནི་མྱི་རྟག་པའི་ཁོངས་སུ་འདས་སོ།། མདོ་སྡེ་རིན་པོ
75a8 ཆེ་འདི་ཐོས་ནས་ནི། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་རྣམས་ཉོན་མོངས་པ་དང་བཅས་པ་ཡིན་དུ་ཟིནད་ཀྱང་། ཉོན་མོངས་པ་མྱེད་པའི་ཁོངས་སུ་འདུས་ལ་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པརརྔ་འགྱུར།
75a9 ཏེ། དེ་ཅིའི་ཕྱིར་ཞེ་ནབདག་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་ཤེས་པའི་ཕྱིར་རོ།། མཆོག་ཏུ་རྟག་པར་ཤེས་ནས་ཀྱང་དེ་དག་འཇུག་པར་འགྱུར་རོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན། ཤིང་ས