| e-texts navigator |
| Wylie |
74b1 སྙམ་དུ་ཡང་དག་པར་ཤེས་པ། གང་ཡིན་པ་དེ་ནི་ཡི་གེ་ཤེས་པ་ཞེས་བྱའོ།། གཞན་དག་ནི་ཡི་གེ་བྱེད་པ་ཤེས་པ་ཞེས་བྱའོ།། ཡི་གེ་མྱེད་པ་གང་དག་ཡིན་ཞེ་ན། ཆོས་མ་ཡིན་པ་སྟེ་ནད་པ་གང་ཡིན།།
74b2 བ་རྣམས་སོ།། ཆོས་ལ་བསྟེན་པ་ཡིན་དུ་ཟིན་ཀྱང་དེ་བཞིན་གཤེགས་པ་རྟག་པ་དང་། གཞི་གསུམ་པོ་དང་། ཐ་རད་པ་ཐེར་ཟུག་པ་དང་། མདོ་སྡེ་དང་མདོ་སྡེ་མ་ཡིན་པ་དང་། འདུལ་བ་དང་འདུལ་བ་མ
74b3 ཡིན་པ་དང་། བདུད་ཀྱིས་སྨྲས་པ་དང་། སངས་རྒྱས་ཀྱིས་གསུངས་པའི་བྱེ་བྲག་མྱི་ཕྱེད་པ་དེ་དག་ཐམས་ཅད་ནི་ཁོང་ན་ཡི་གེ་མྱེད་པ་ཞེས་པཟེར་རོ།། རིགས་ཀྱི་བུ་དེ་བས་ན་ཁྱོད་ཀྱིས་ཚུལ་འདི་དག
74b4 ལས་ཡི་གེ་ཕྱེད་པ་རྣམས་སློབས་ཤིག་དང་། དེ་ལྟར་བྱས་ན་ཡི་ཀེ་ཤེས་པ་ཞེས་བྱ་བའི་གྲངས་སུ་གཏོགས་པར་འགྱུར་རོ།། གསོ་ད་པ། བཅོམ་ལྡན་འདས་བདག་གྲིས?་སུ་ཆུད་པར་བཀྱི
74b5 སྟེ། དེ་ལྟར་འཚལ་བ་ནི་ཡི་གེ་བྱེད་པ་རྣམས་བསླབ་པར། བགྱི་འཚལ་ལགས་སོ།། བཅོམ་ལྡན་འདས་བདག་གི་སི་ད་ཀ། ཟོད་སློབ་དཔོན་གི་མཆོག་ཁྱོད་ལྟ་བུ་རྙེད་ལགས་སོ།། བཅོམ་ལྡན
74b6 འདས་བདག་གིས་བཟོད་ཡིག་ཆོས་ཀྱི་གནས་སུ་ཞུགས་ལ། ས་སོ།། བཀའ་སཿལད་པ།། རིགས་ཀྱི་བུ་ལེགས་སོ་ལེགས་སོ་དམ་པའི་ཆོས་འདོད་པས་ནི་འདི་ལྟར་འདོད་པར་བྱ་དགོས།
74b7 རིགས་ཀྱི་བུ་དེ་ལ་ཟལ་མོ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། སྡུག་བསྔལ་དང་བྱི་རྟག་པ་དང་བདག་མྱེད་པ་རྣམས་ཀྱི་ཟིལ་མོ་རྣམས་དང་། གཞན་དང་འགྲོགས་པའི་ཞལ་མོ་རྣམས་ཏེ་དེ་ནི་བྱའི་དོན་ནོ
74b8 གསོམེད་པ། སྡུག་བསྔལ་དང་མྱི་རྟག་པ་དང་། བདག་མྱེད་པ་ལ་ཇི་ལྟར་ཐལ་མོ་ཞེས་བགྱི་ལགས།། བཀའ་སད་པ་ཀ་ཆོས་ཁ་ཅིག་ནི་མྱི་རྟག་ལ་། ཆོས་ཁ་ཅིག་ནི་རྟག་པའི་ཕྱིར་དང་། ཆོས
74b9 ཁ་ཅིག་ནི་སྡུག་བསྔལ་ལ་ཆོས་ཁ་ཅིག་ནི་བདེ་བའི་ཕྱིར་དང་། ཆོས་ཁ་ཅིག་ནི་བདག་མྱེད་ལ། ཆོས་ཁ་ཅིག་ནི་བདག་ཡོད་པའི་ཕྱིར་ཏེ། དེ་བར་ན་བུ་རམ་ཤིང་དང་། འབྲས་ས་སུ་དང་། འབྲུ་དང་ཀེ་རྒོད་དང