| e-texts navigator |
| Wylie |
74a1 ལས་བསྡོགས་པ་བསྟན་པའི་དོན་ཏེ་དེ་བས་ན་ཀཱ་ཞེས་བྱའོ།། རྀ་རཱྀ་ལྀ་སྭཱ~ཾ་ཞེས་བྱ་བའི་དོད་བཞི་པོ་འདི་རྣམས་ཀྱིས་མི་སངས་རྒྱས་དང་ཆོས་དང་དགེའ་འདུན་དང་གཉེན་པོ་སྟོདོང་པའི་དོན་བཞི།
74a2 རྒྱས་པར་བྱེད་དོ།། འཇིག་རྟེན་དང་འཐུན་པར་བྱ་བའི་གཉེན་པོ་ཡིན་ཏེ། དེ་ལྟར་ན་ལྷས་བྱིན་གྱིས་དགེལ་འདུན་ཕྱེ་བ་ལྟ་བུའོ།། དགེ་འདུན་ཕྱེ་བ་སྟོནད་པ་ན་བསླབ་པའི་ཀཞི་བཅའི་ཕྱིར་ཚུལ་གཞན་དག་ཀྱང
74a3 སྤྲུལ་ཏེ། ཐབས་སྟོནད་པ་དེ་མཐོང་ན། ཤེས་རབ་ཅན་སྐྲག་པར་མྱི་བྱ་བར་འདི་ནི་འཇིག་རྟེན་དང་འཐུན་པར་བྱ་བ་ཡིན་ནོ་སྙམ་དུ་ཡིད་ཆེས་པར་བྱ་སྟེ། དེ་བས་ན་རི་རཱི་ལི་ལཱི་ཞེས་བྱའོ།། མཆུ་གཉིས
74a4 ལས་འབྱུང་བ་དང་། ལྕེ་དྲུང་ནས་འབྱུང་བ་དང་། ཁ་སཱ་ཀཉི་ས་ནས་འབྱུང་བ་དང་། རིང་པོ་དང་རྒྱུན་རིང་དུ་དྲང་བ་རྣམས་ནི་དོན་དང་ལྷན་ཅིག་ཏུ་སྦྱར་བ་ཡིན་ནོ།། ཡི་གེ་རྣམས་ལྷན
74a5 ཅིག་ཏུ་སྦྱར་བས་ནི་བྱེད་པ་ལ་འཇུག་པར་འགྱུར་རོ།། ལྕེ་དང་། སོ་ལས་བསྩོགས་པ་རྣམས་ནི་ལུས་ཀྱི་ཁམས་ཡིན་ཏེ། ཁཾས། དེ་ཡང་རང་བཞིན་གྱིས་ཡོངས་སུ་དག་པའོ།། ཕུང་པོ
74a6 དང་ཁམས་དང་སྐྱེ་མཆེད་རྣམས་པ་སྣ་ཚོགས་དེ་དག་ལྟ་བུ་ཡ་ང་མགོ་མཉམ་དུ་ཆོས་ཉིད་དེ་ཁོ་ན་ཀྱི་དུ་ཉེ་བར་ཞི་བར་ཁོངས་སུ་ཞའོ།། དེ་བཞིན་གཤེགས་པའི་སྙིང་པོས་ཁྱབ་པའི
74a7 ཁམས་དེའི་ཀཟི་བརྗིད་ཀྱིས་ལྷུན་གཅིག་སྦྱར་བས་བྱེད་པ་ལ་འཇུག་པར་འགྱུར་ཏེ།། དེ་བས་ན་ཡི་གེ་ཕྱེད་པ་ཞེས་བྱའོ།། རྒྱུད་ཐམས་ཅད་དང་གསང་སྔགས་ཐམས་ཅད་དང་། ཆོས་ཐམས་ཅད་ནི་མ
74a8 འིཕྱི་མོ་སྦྱར་བའི་ཐ་སྙད་ཡིན་ཏེ། དེས་ན་དེ་བཞིན་གཤེགས་པ་དང་། ཐ་དད་པ་དེ་ཁོ་ན་ཉིད་དུ་མཐོང་ངོ་།། ཡི་གེ་བརྗོད་པ་དང་། རྟོགས་པའི་འདུ་ཤེས་དང་ཡི་གེ་དང་འབྲུའི་འདུ་ཤེས་དེ་ཉིད་སྤངས་པ་ནི་དེ
74a9 བཞིན་གཤེགས་པ་དང་ཐ་དད་པ་སྟེ། དེ་བས་ན་ཐ་དད་པ་ནི་ཐམས་ཅད་དུ་གྲོལ་བ་དང་། རབ་ཏུ་གྲོལ་བ་ཡིན་ནོ།། དེ་བཞིན་གཤེགས་པ་དེ་ཉིད་ཡི་གེ་ཕྱེད་པའི་ཆོས་ཀྱི་དེ་ཁོ་ནའི་ཕྱིར་བྱུང་བ་ཡིན་ནོ།