e-texts navigator
Collection
Volume
Page
Wylie

73a1 གཟུགས་གཅིག་པ་ལམ་མེར་བཞུགས་པ་ཡིན་ཏེ། དེ་བསན་ཆ་ཞེས་བྱའོ།། ཛ་ཞེས་བྱ་བ་ནི་ཛ་དང་། འདྲ་བར་ཐ་རད་པ་དེ་གཞིག་པ་ཡིན་ཏེ། དེ་བས་ན་ཛ་ཞེས་བྱའོ།། ཛྙཱ་ཞེས་བྱ།
73a2 བ་ནི་ཉོན་མོངས་པ་རྣམས་སྐྱེད་པར་སྤྲུག་པར་བྱ་བའི་དོན་ཏེ། དེ་བས་ན་ཛྷ་ཞེས་བྱའོ།། ཉ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་ཆོས་ཤེས་པའི་ཚིག་བླ་དགས་དེ། དེ་བས་ན་ཉ་ཞེས་བྱའོ།། ཊ་ཞེས་བྱ་མན
73a3 བཞིན་དུ་འཛམ་བུ་གླིང་ཁ་ཅིག་ཏུ་དེ་བཞིན་གཤེགས་པ་མཚུངས་པ་མྱེད་པའི་སྐུ་སྟོནད་པ་མཛད་དེ། དེ་བས་ན་ཊ་ཞེས་བྱའོ།། ཟ་ཞེས་བྱ་བ་ནི་ཆོས་ཀྱི་སྐུའི་དོན་ཏེ། བཞིན་དུ་ཡོངས་སུ་རྫོགས
73a4 པས་ན་དེའི་ཕྱིར་ཎ་ཞེས་བྱའོ།། ཌ་ཞེས་བྱ་བ་ནི་དགེའ་འདུན་གཞོ་ནུ་ཞེས་བྱ་བའི་དོན་ཏེ་ནུབ་པར་མྱི་འགྱུར་བའི་ཕྱིར་ཌ་ཞེ་ས་བྱའོ།། ཌྷ་ཞེས་བྱ་བ་ནི་ངོ་ཚ་མྱི་ཤེས་པའི་དོན་ཏེ། བླ་མ་ནས
73a5 ལ་ཏྲིན་དུ་མྱ་བཟོ་བས་ན། དེའི་ཕྱིར་རྡྷ་ཞེས་བྱའོ།། ཞེས་བྱ་བ་ནི་འདི་ལས་ཕྱི་རོལ་པ་རྣམས་འཕགས་པ་མ་ཡིན་བའི་དོན་ཏེ། དེ་བས་ཎ་ན་ཞེས་བྱའོ།། ཏ་ཞེས་བྱ་བ་ནི་སྲིད་པ
73a6 ཐམས་ཅད་དུ་ལྷུང་བ་ལས་བཟློག་པའི་དོན་ཏེ། དེ་བས་ན་ཏེ་ཞེས་བྱའོ།། ཟ་ཞེས་བྱ་བ་ནི་མྱོ་ཤེས་པའི་དོན་ཏེ། དད་ཀྱི་སྲིན་བུ་བཞིན་དུ་བཀྲིས་པ་ན་དེའི་ཕྱིར་ཟ་ཞེས་བྱའོ།། དཾ་ཞེས་བྱ་བ་ནི་ཐེ།
73a7 བ་ཆེན་པོ་ལ་བཐོན་པར་བྱ་བ་ལ་དགའ་བར་གྱིས་ཤིག་པའི་དོན་ཏེ་དེ་བས་ན་ད་ཞེས་བྱའོ།། དཱ་ཞེས་བྱ་བ་ནི་གཞི་གསུམ་རི་རབ་བཞིན་དུ་བརྟན་ཞིང་ནུབ་པར་མྱི་འགྱུར་བའི་དོན་ཏེ། དེ་བས་ན་དྷ་ཞེས་བྱའོ།།
73a8 ན་ཞེས་བྱ་བ་ནི་གཞི་གསུམ་གྲོང་ཁྱེར་གྱི་སྒོ་རྟོན་གྱི་རྟེན་མ་བཞིན་དུ་བརྟན་པས་ན། དེའི་ཕྱིར་ན་ཞེས་བྱའོ།། པ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་གི་དོན་ཏེ། གཞི་གསུམ་ནུབ་པར་མྱི་འགྱུར་བའི་དོན་བདག་ཉིད་ཡོངས
73a9 སུ་མོངས་པར་འགྱུར་བས་ན་དེའི་ཕྱིར་པ་ཞེས་བྱའོ།། པ་ཞེས་བྱ་བ་ནི་འཇིག་རྟེན་ཐམས་ཅད་འཇིག་པའི་དོན་ཏོ།། འཇིག་རྟེན་འཇིག་པ་ན་ཀཞི་གསུམ་འཇོག་པར་འགྱུར་རོ་ཞེས་ཟེར་བ་ནི་བདག་ཉིད་ཀྱི་འ




iiif viewer powered by OpenSeadragon

72b - 73b

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo