e-texts navigator
Collection
Volume
Page
Wylie

72b1 ཉིད་དེ་དེ་བས་ནམེ་ཞེས་བྱའོ།། མེའི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་དོན་ཏེ། མེའི་ཞེས་བྱ་བ་ནི་འོང་བ་དང་འགྲོ་བའི་དོན་ཡིན་པས་ནི་ཇི་ལྟར་སོང་བ་བཞིན་དུ་འོངས་པས་མ།། དེའི་ཕྱིར་མེའོ་ཞེས།
72b2 བྱའོ།། ཨོཾ་ཞེས་བྱ་བ་ནི་ཉོན་མོངས་པ་རྣམས་ཀྱི་དོན་ཏེ། སྨན་དུ་གྱུར་པས་མྱི་ལས་དེ་བཞིན་གཤེགས་པར་འགྱུར་རོ།། དེ་བས་ན་ཨོ་ཞེས་བྱའོ།། ཨོའུ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་དོན་ཏེ་སྨྲ་བཅུ
72b3 བཞི་པོ་ཐམས་ཅད་ཀྱི་འཇུག་ནི་ཨོའུ་ཡིན་པས་ན། ཐེག་པ་ཆེན་པོ་ནི་རྒྱུད་ཐམས་ཅད་ཀྱི་རྒྱུད་ཕྱི་མའི་ཡང་ཕྱི་མ་ཞེས་བྱ་སྟེ། དེ་བས་ན་ཨོཉྩ་ཞེས་བྱའོ།། ཨ་མ་ཞེས་བྱ་བ་ནི་དེའི་བསྟནད་པ་ལ་རུང་བ་མ་ཡཱཾ།
72b4 པ་ཐམས་ཅད་བཟློག་པ་དང་། གསེར་རྡུལ་སྤངས་པ་སྟེ། དེ་བས་ན་བཟློག་པའོ་དོན་ཏུ་ཨ་མ་ཞེས་བྱའོ།། ཨ་བ་ཞེས་བྱ་བ་ནི་ཐེག་པ་མཆོག་གི་དོན་ཏེ། དེ་བས་ན་ཨ་པ་ཞེས་བྱ་སྟེ། དེ་བཞིན
72b5 དུ་སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་ཐམས་ཅད་དང་རྒྱུ། ད་ཐམས་ཅད་ཀྱི་མཐའ་ནི་ཐེག་པ་ཆེན་པོ་ཡིན་ནོ།། ཀ་ཞེས་བྱ་བ་ནི་སྙིང་རྗེས་སེམས་ཅན་ཐམས་ཅད་ལ་སྨ་ག་ཅན་ཟིན་བཞི
72b6 དུ་བལྟ་བའི་དོན་ཏེ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ་སྙམ་དུ་དེ་ལྟར་བསམ་པར་བྱ་བ་ཡིན་པས་ན། དེའི་ཕྱི་ར་ཀ་ཞེས་བྱའོ།། ཁ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ད
72b7 མྱི་བཟུབས་པ་རྣམས་ཀྱིས་ཤེས་པར་མྱི་ནུས་པས་ན་དེའི་ཕྱིར་ཁ་ཞེས་བྱའོ།། ག་ཞེས་བྱ་བ་ནི་སྙིང་པོའི་དོན་ཏེ་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པས་ན། དེའི་ཕྱིར་ཀ་ཞེས
72b8 བྱའོ།། ཀྟ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་གསུང་རྟག་ཅེས་བྱ་བའི་དོན་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ནི་རྟག་པ་ཡིན་ནོ།། ང་ཞེས་བྱ་བ་ནི་འདུ་བྱེད་འཇིག་ཅེས་བྱ་བའི་དོན་ཏེ། དེ་བས་ནང
72b9 ཞེས་བྱའོ།། ཙ་ཞེས་བྱ་བ་ནི་སྤྱོད་པའི་དོན་ཏེ། སེམས་ཅན་ཐམས་ཅད་ཡོངས་སུ་སྨྱི་དད་པར་བྱས་པས་ན། དེའི་ཕྱིར་ཙ་ཞེས་བྱའོ།། ཚ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དཀར་པོའི་ཆོས་རྣམས་ཀྱི




iiif viewer powered by OpenSeadragon

72a - 73a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo