| e-texts navigator |
| Wylie |
72a1 དབང་ཕྱུག་རྣམས་ཀྱིས་ཡོངས་སུ་བཟུང་ངོ་།། དབང་ཕྱུག་རྣམས་ཀྱིས་བཤད་དོ།། དབང་ཕྱུག་རྣམས་ཀྱིས་དམ་པའི་ཆོས་མཆོག་ཏུ་འབར་བར་བྱེད་དོ།། དབང་ཕྱུག་རྣམས་ཀྱི་ཕྱིར་ངས་བསྟན་ཏེ།
72a2 ངས་ཅི་བསྟནད་ཅེ་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མད་ཆེན་པོ་བསྟནད་ཏོ།། དེ་བས་ན་དབང་ཕྱུག་དང་ལྡན་པ་རྣམས་ཀྱི་ཤིནད་ཏུ་རྒྱས་པ་ཡིན་ཏེ། འདི་ལ་ཕྲག་དོག་བྱེད་པ་རྣམས་ནི་ཞིང་ལ་ཞིང་གི་ངོ
72a3 བསལ་བ་བཞིན་དུ་ཚར་གཅད་པར་བྱའོ།། དེ་ལས་སྩོགས་པའི་དོན་ཏུ་མ་རྒྱས་པར་བྱེད་པས་ན་དེའི་ཕྱིར་ངས་ཨི་ཞེས་བྱ་བ་བསྟནད་ཏོ།། ཨུ་ཞེས་བྱ་བ་ནི་རྒྱུད་ཕྱི་མའི་སྟེ་མདོ་སྡེ་འདིས་མདོའི་སྡེ་ཐམས་ཅད་ཀྱི་དོར
72a4 ཕྱི་མའི་ཡང་ཕྱི་མ་བསྟན་ཏོ།། ངས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་སྔོན་མ་ཐོས་པའི་ཡེ་ཤེས་གཅིག་པའོ། ཐིག་ལེ་ཅིག་པ་བསྟནད་ཏོ།། མདོ་སྡེ་ཆེན་པོ་འདི་ནི་མཆོག་དམ་པ་ཡིན་ཏེ།
72a5 དཔེར་ན་བྱང་ཀི་སྒྲ་མྱི་སྙན་གྱི་སེམས་ཅན་རྣམས་བསོད་ནམ།། ས་དང་ལྡན་པ་བཞིན་དུ། མདོ་སྡེ་ཆེན་པོ་འདི་ཉེན་པ་གང་ཡིན། བ་དེ་དག་ནི་འཇིག་རྟེན་ལས་འདས་པ་སྟེ། དེ་དག་ནི་བྱང་ཆུབ
72a6 སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་པར་རིག་པར་བྱ། དེ་བས་ནི་ཆེ་བ་ཞེས་སྟེ། རྒྱུད་ཕྱི་མ་ཞེས་བྱ་བའི་དོན་ཏོ།། བས་སུ་ཞེས་བྱ་བ་ནི་དེ་ལྟར་བསྟནད་ཏོ།། ཨུ་ཞེས་བྱ་བ་ནི
72a7 བའི་སུ་སོར་ལྟ་བུའི་དོན་ཏེ། དཔེར་ན་བའི་འོ་མ་ཞིམ་པ་བཞིན་དུ་མདོ་འདའོ་རོ་ཡང་དེ་དང་འདྲའོ།། མདོ་སྡེ་འདི་ལས་དེ་བཞིན་ག་ཤེ་ག་ཤྲཱི་གླིང་པོ་བསྟན་པ་སྤོང་བར་ཞེས་པ་གང་ཡིན་པ་དེ་དག་ནི་བ་ཡང་དང
72a8 འདྲ་སྟེ། དཔེར་ན་དྲིན་ཏུ་མྱི་གཟོ་བ་དག་གིས་བདག་བསད་པར་སེམས་པ་དེ་དག་མཆོག་ཏུ་མྱ་ངན་བྱ་བ་དེ་བཞིན་དུ། དེ་བཞིན་གཤེགས་པའི་སྙིང་པོ་སྤངས་ནས་བདག་མྱེད་པ་སྟོནད་པའི་སེམས་ཅན་གང
72a9 ཡིན་པ་དེ་དག་ནི་མཆོག་ཏུ་མྱ་ངན་དུ་བྱ་བ་ཡིན་པར་རིག་པ་བྱའོ།། དེ་བས་ཨུ་ཞེས་བྱའོ།། ཨེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ཞེས་བྱ་བ་འདི་ནི་སངས་རྒྱས་རྣམས་ཀྱི་ཆོས