e-texts navigator
Collection
Volume
Page
Wylie

70b1 ཕྱུག་པ་དང་ཆགས་པ་མྱེད་པ་དང་། རུང་བ་ཐམས་ཅད་ཀྱིས་ཐོག་མར་འཛིནད་པ་གང་ཡིན་པ་རྣམས་དང་། སེམས་ཅན་ཐམས་ཅད་སྲིད་པའི་རྒྱ་མཚོ་ཐམས་ཅད་ལས་ངེས་པར་བསྐལ་པ་གང་ཡིན་པ་དེ།
70b2 དག་ལ་ནི་འཕགས་པ་ཞེས་བྱའོ།། ཨ་ཞེས་བྱ་བ་ནི་ཆོས་ལུགས་སུ་སྟོནད་པ་སྟེ། ཆོ་ག་དང་སྤྱོད་ཡུལ་དང་འདུལ་བ་དང་འཇིག་རྟེན་དང་འཐུན་པར་འཇུག་པ་ཞེས་བྱས་པས་ན། དོན་ཐ་དད་པ་མ་ཡིན་ནོ།།
70b3 ཡང་མ་ཞེས་བྱ་བས་དོན་ཅི་ཞིག་རྒྱས་པར་བྱེད་ཅེ་ན། འཕགས་པ་རྣམས་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱི་གོ་ཀ་དང་སྤྱོད་ཡུལ་དང་ཕ་མ་དང་། སློབ་དཔོན་དང་འདུལ་བ་གཅིག་པ་ཡིན་པར་ཤེས་ཤིང་།
70b4 འདི་ནི་ཆོས་ཉིད་ཡིན་ནོ་སྙམ་དུ་ཤེས་པར་འགྱུར་བའོ།། འཕགས་པའི་གང་ཡིན་པ་དེ་དག་ནི་རིགས་ཀྱི་བུ་འམ། རགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་ཏེ། དགེ་སློང་ཚུལ་ཁྲིམས
70b5 དང་ལྡན་པ་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དང་། འཆེན་པོ་དེ་དག་ལ་འཕགས་པ་ཞེས་བྱའོ།། ཡང་ཨ་ཞེས་བྱ། བ་ནི་ཁྲིམས་སུ་སྟོནད་པ་སྟེ། ཁྲིམས་ཞེས་བྱ་བ་ནི་ཀྱེ་མྱི་ཁྱོད
70b6 ཚུར་ཤོག་ཁྱོད་ཀྱིས་ཚུལ་མ་ཡིན་པ་བྱས་ཀྱིས་ཕྱིན་ཅད་དེ་ལྟར་མ་བྱེད་ཅིག་ཅེས་བྱ་བ་དེ་ལྟ་བུ་ཚུལ་མ་ཡིན་པ་རྣམས་དེའི་ཚེ་དྲན་པ་ར་བྱེད་པའི་དོན་ཏོ།། ཨི་ཞེས་བྱ་བ་ནི་འདི་ཞེས་བྱ་བའི་དོན་ཏེ
70b7 བསྟནད་པ་འདི་ནི་ཚངས་པར་སྤྱོད་པ་ཟླ་བ་ཉེ་བ་བཞིན་དུ་དྲི་མ་མྱེད་ཅིང་རྣཾ་པཱ་དག་ཏོ།། བསྟནད་པ་འདི་ནི་བཅོམ་ལྡན་འདས་ཀྱིའོ།། འདི་ནི་བྱོས་ཤིག་འདི་ནི་དོན་ཡོད་པའོ།། འདི་ནི་དོན་མྱེད་པའོ།། འདི་ནི་བདུད་ཀྱིས
70b8 སྨྲས་པའོ།། འདི་ནི་སངས་རྒྱས་ཀྱིས་གསུངས་པའོ་སྙམ་དུ་ཉམས་སུ་མྱོང་བར་བྱ་བའི་དོན་ཏོ།། ཨི་ཞེས་བྱ་བ་ནི་དབང་ཕྱུག་སྟེ། ངའི་བསྟནད་པ་ནི་དབང་ཕྱུག་དང་དབང་ཕྱུག་ཆེན་པོ་དང་། ཚངས་པ་དང་། ཤིན
70b9 ཏུ་དཀོད་པའོ།། དབང་ཕྱུག་ན་ཆོས་སྦྱོང་བ་སྟེ། ཆོས་སྐྱོང་བས་ན་རྒྱལ་བའོ།། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མད་ཆེན་པོ་འདི་ནི་སེམས་ཅད་གཞན་དག་གི་དོན་ཀྱི་ཕྱི་དབང་ཕྱུག་རྣམས་ཀྱིས་སུས




iiif viewer powered by OpenSeadragon

70a - 71a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo