| e-texts navigator |
| Wylie |
70a1 འདས་པ་ཆེན་པོའི་མདོ་ཆེན་པོ་འདིའི་ཚུལ་གྱིས་བདག་གི་ལུས་ལ་དེ་བཞིན་གཤེགས་པའི་སྙིང་ཐ་ཡོད་པར་ཡིད་ཆེས་པར་བྱ་སྟེ། མདོ་སྡེ་དང་རྗེས་སུ་འཐུན་པར་བརྩམ་པར་བྱའོ།། དེ་བཞིན
70a2 གཤེགས་པའི་ཡུལ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡུལ་མ་ཡིན་ནོ།། གསོས་པ། བཅོམ་ལྡན་འདས་འཇིག་རྟེན་རྣམས་ལ་ཡང་སེམས་ཅན་གྱི་ཁམས་གང་ཟག་གཞག་པ་མཆིས་པ་ལགས
70a3 བཀའ་ས་ལད་པ། རིགས་ཀྱི་བུ་དཔེར་ན་མྱི་གཉིས་ཤིཀ་མཛ་སྟེ། གཅིག་ནི་རྒྱལ་པོའི་སུ་ཡིན་ལ། དེ་གཅིག་ནི་དབུལ་པོ་ཞིག་ཡིན་ལ། དེ་གཉིས་ཕན་ཚུན་བྱམས་པས་གཅིག་ཀི་ཁྱི་མེ་རུ་ཀ་ཅིག་འགྲོ་ཞི
70a4 ཐེ་བར་བྱེད་ལ། དེ་ནས་མྱི་དབུལ་པོ་དེས་རྒྱལ་པོ་བུའི་རོལ་དེས་མདོག་བཟང་པོ་མཐོང་བ་ལས། རྒྱལ་པོའི་བུ་དེས་རལ་གྱི་དེ་ཁྱེར་ཏེ་ཡུལ་གཞན་དུ་སོང་ངོ་།། དེ་ནས་མྱི་དབུས་པོ་དེ་མཚན
70a5 མོ་མགོན་མྱེད་པའི་རྟེན་ཁང་ཞིག་ཏུ་ཉལ་བ་ལས་བརྟོལ་ཏེ། རལ་གྱི་རལ་གྱི་ཞེས་ཟེར་ནས། དེའི་ཚིག་གྲོང་སྲུངས་རྣམས། ཀྱིས་ཐོས་ནས། རྒྱལ་པོ་ལ་གསོལ་ཏེ། རྒྱལ་པོ་དེས་མྱི
70a6 དེ་བཀུག་ནས། ཀྲ་འེ་རལ་གི་དེ་ཅི་འདྲ་བ་ཞི་ཀ། ག་ལས་འོངས་ཤེས་རྨས་པ་དང་། དེས་སྐབས་དེའི་གཏམ་རྒྱལ་པོ་དེ་ལ་ཀེ་སོལ་ནས། ལྷ་གལ་ཏེ་བདག་གིས་བརྐུས་པར་གྱུར་ད་ན། བདག
70a7 ཀི་རྐ་ལག་འདི་དག་ཀ་ཅད་ཏུ་གསོལ།། བདག་གིས་ན་མཛའོ་དང་ལྷན་གཅིག་ཕྱེ་བའི་ཕྱེ་མཐོང་བར་བས་ཏེ། རེག་ཀྱང་མ་རེག་ལགསོ་སྤེ་བྱསོ།། དེ་ནས་རྒྱལ་པོ་དེས་དེ་ལ་རྨས་པ། རལ་གི་དེ་དབྱིབས་དང་མདོ།
70a8 ཅི་འདྲ་བ་ཞིག་བྱས་ནས། དེས་རྒྱལ་པོ་དེ་ལ་གསོལ་པ། ལྷ་རལ་གོ་དཻ་ནི་ར་རུ་འདྲ་བ་ཞིག་ལགས་སོ་ཞེས་བྱས་སོ།། དེ་ནས་རྒྱལ་པོ་དེས་མྱི་བཏང་སྟེ། མྱི་ཁྱོད་མ་འཇིགས་མ་འཇིགས་ཤི་ཀེ། སྐྱེན
70a9 པར་ཀར་དགའ་བར་སོང་ཤིག།། ཁྱོད་ཀྱིས་སྔོན་རལ་གྱི་དེ་རྒྱལ་པོའི་ཕོ་བྲང་འདིར་མཐོང་ཡང་མ་མཐོང་སྟེ། རྒྱལ་པོའི་བུས་རང་གི་ཡུལ་དུ་ཚོང་འདུས་ནས་རྙེད་པ་ལྟ་ཞིག་སྟེ། དེ་ནི་རྒྱལ་པོས་ཀྱང་རྙེད་པར།