e-texts navigator
Collection
Volume
Page
Wylie

6b1 འདི་ནི་མདོ་སྡེ་པ་འདུལ་བ་འཛིནད་པ་ཞེས་བྱའོ།། དེ་ལྟར་ན་དེ་བཞིན་གཤེགས་པའི་བསྟནད་པ་ནི་དཔག་དུ་མྱེད་དོ།། དེ་བཞིན་གཤེགས་པ་ནི་བསམ་གིས་མི་ཁྱབ་པོ།། གསོལྡ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལྟ་ལགས
6b2 ཀྱང་བསམ་ཀྱིས་མྱི་ཁྱབ་ལགས།། རྟག་པ་དང་བརྟན་པ་དང་ཐེར་ཟུག་དང་ཞུ་བ་ལགས་ཏེ། བསམ་གྱིས་མི་ཁྱབ་པོ་ཞེས་གཞན་དཀས་ཡང་བསྟན་པར་འཚལ་ལོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩསད་པ། འོད་སྲུང་ཆེན
6b3 དང་རུས་གཅིག་པ། ལེགས་སོ་ལེགས་སོ།། དེ་བཞིན་གཤེགས་ནི་རྡོ་རྗེ་ལྟར་མྱི་ཤིགས་པའི་སྐུ་འཛིནད་པ་ལ་ཞུགས་པ་ཀཱི་ཏེ་དེ་ལྟར་ཡང་དག་པའི་ལྟ་བ་དང་། བསླབ་པ་ལ་གུས་པར་བར་བྱའོ།། དེ་བཞིན་གཤེགས་པ་རྡོ་རྗེ་ལྟར
6b4 མྱི་ཤིགས་པའི་སྐུ་དང་ལྡན་པ་ཡང་དག་པར་ལྟ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ཇི་ལྟར་མེ་ལོང་གི་ངོས་ལ་རང་གི་གཟུ་གས་བརྙན་སྣང་བ་དེ་བཞིན་དུ། དོན་དམ་པའི་སྐུ་གསལ་བར་མཐོང
6b5 རོ།། རྡོ་རྫ་ལྟར་མི་ཤིགས་པའི་སྐུའི་ཕུང་པོ་ཞེས་བྱ་སྟེ་གཉིས་པའོ།། །། རིགས་ཀི་བུ་གཞན་ཡང་ད་ནི་མདོ་འདིའི་མྱིང་དང་ཡོན་ཏན་དང་ཚུལ
6b6 ཡང་དག་པར་གཟུང་བར་གྱིས་ཤིག། མདོ་འདིའི་མྱི་ཐོས་ན་སེམས་ཅ་ན་རྣམས་འགྲོ་བ་བཞིར་འགྲོ་བར་འགྱུར་བ་དེ་ནི་མྱི་སྲིད་དོ།། མདོ་ཆེན་པོ་འདིའི་ཡོན་ཏན་དང་ཚུལ་དང་སངས་རྒྱས་མང་པོས་བསྙེན་པ་དེ་ལྟ་བུ
6b7 ངས་བསྟནད་པར་བྱོ།། གསོལ་པ་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཇི་ལྟར་མདོ་འདིའི་མྱིང་ཡང་དག་པར་འཛིནད་པ་ལགས།། ཇི་ལྟར་མདོ་འདིའི་མྱིང་འཛིནད་པའི་གྲངས་སུ་གཏོགས་པ་ལགས
6b8 བཀའ་སྩས་པ། མདོ་འདི་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱ་སྟེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེལ་བ། དོན་བཟང་བ་ཚིག་འབྲུ་བཟང་བ། མ་འདྲེས་པ། ཡོངས་སུ
6b9 རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། དེ་རྗེས་བུ་གཏེར་དང་། ཆེ་བར་གྲགས་པ་ཡིན་ནོ།། རིགས་གི་ན་པེར་ན་གང་ག་དང་ལ་སུན་ལས་བསྩོགས་པ་སུ་སྲུང་བརྒྱད་ནི་རྒྱ་མི་མཆེན་པོ་ཁོར་ནམ་འབབ་པ་དེ་བཞིན་ཏུ




iiif viewer powered by OpenSeadragon

6a - 7a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo