e-texts navigator
Collection
Volume
Page
Wylie

6a1 སོ།། འདུལ་བ་མ་ཡིན་པ་ནི་འརྩམ་པར་མྱི་བྱེད་དོ།། འདུལ་བ་ནི་བཕམ་པར་བྱེད་དོ།། འདུལ་བར་བྱ་བའི་དབང་ཇི་ལྟར་ཞེས་ཤེ་ན། བྱང་ཆུབ་སེམས་དཔལ་གདུལ་བར་བྱ་བའི་དབང་གིས་གྲོང་ཁྲོད་དུ་འགྲོ
6a2 བ་ཡོད་དེ། དེ་ནི་བུད་མྱེད་དང་། ཀར་མཁན་མོའི་མདུན་ཁང་དང་། ཡུཀ་ས་མོའི་ཁྱིམ་དང་། སྨད་འཚོང་མའི་ཁྱིམ་མ་གཏོགས་པར་ཁྱིམ་གྱི་ནཔངམ། འདུན་ཁང་གང་དུ་འགྲོ་འདོད་ཀྱང་རུང་སྟེ། དེ་ལ་དེར་འགྲོ་བའི་དུས་ངེས
6a3 པ་མྱེད་དོ།། བྱང་ཆུབ་སེམས་དཔའི་དགེ་སློང་ཀྱིས་ནི་ལོ་གྲངས་མང་པོར་ཡང་གྲོང་ཁྲོད་དུ་རྒྱུ་བར་བཟོད་ཀྱི། ཉན་ཐོས་ཀྱི་དགེ་སློང་ཀྱིས་ནི་མྱི་བཟོད་དོ།། རྔམས་ཆེན་པོ་དང་། རྔམས་ཆུ་དུ་ཇི་ལྟར་ཤེས་ཤེ་ན། རྔམས
6a4 ཆེན་པོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་དོན་ཀྱི་དམྱིགས་བྱུང་བ་ག། ང་གཟིགས་ན་དེ་ལྟར་གཟིགས་པའི་འོག་ཏུ་ཕམ་པ་བཞི་པོ་འདི་ལྟར་ཕྱི་ན་མ་བྱེད་ཅིག།། ག་ལད་ཏེ་ཁྱོད་ཀྱིས་བྱས་ན་རབ་ཏུ་བྱུང་དུ་མྱེད་པར
6a5 འགྱུར་རོ།། ཞེས་བསླབ་པའི་གཞི་འཆང་བར་མཛད་པ་དེ་ནི་རྔམས་ཆེན་པོ་ཞེས་བྱའོ།། རྔམས་ཆུ་དུ་ཞེས་བྱ་བ་ནི་འདི་ལ་ལ་ཞིག། ཀས་དོན་ཀྱི་དམྱི་གས་བྱུང་བ་གཅིག་ཅིག་བྱས་ལ། བསླབ་པའི་གཞི
6a6 དེ་དམ་པོར་མ་བྱས་པ་དེ་བཞིན་གཤེགས་པས་ལན་གསུམ་ཀི་བར་དུ་ཀརྞི་ཀས་ཀྱང་བསླབ་པའི་གཞི་གཞན་འཆལ་བར་མཛད་དོ།། དེའི་ཕྱིར་ཀསོ་བ་ཚང་བ་ཞེས་བྱ་སྟེ། རྔམས་ཆུང་ངུ་ཞེས་བྱའོ།། དེ་ཡང་ལྷག་པ
6a7 དང་བཅས་པའི་འདུས་པ་ནི་བརྩམ་པར་བྱེད་དེ། རུང་བ་མ་ཡིན་པའི་སྦྱིན་པའི་ཕན་ཡོན་གང་ལས་བྱུང་བའི་འདུལ་བ་དེ་ནི་བཚམ་པར་མྱི་བྱེད་དོ།། འདུལ་བ་ལ་བསླབ་པར་བྱེད་དོ།། ཚུལ་ཁྲིམས་འཆལྡ་པ་ནི་ཚུལ་ཁྲིམས་སྤངས
6a8 ལ་ཆོས་གོས་རྣམས་དང་བཅས་ཤིང་གཞོ་ནུ་ཆེན་པོ་ཡིན་ནོ།། དེ་ནི་དེའི་འདུལ་བ་ཡང་བརྩམ་པར་མྱི་བྱེད་ལ། ཀང་འདུལ་བ་ལ་སྣང་བ་དེ་ལ་དེ་མཆོག་ཏུ་ཆོ་ག་ཤེས་པར་བྱེད་དོ།། སངས་རྒྱས་ཀྱི་གསུང་རབ་ལས་གང་རྐྱེན་དུ་འཚམ
6a9 པ་སྟོནད་པར་བྱེད་དོ།། དེ་ལས་བཏུས་པ་དེ་ལ་འང་འདུལ་བ་ཤེས་པའིར་ཏེ། དེ་ནི་འདུལ་བ་འཛིན་པ་ཡིན་ནོ།། ཡི་གེ་གཅིག་ཀྱང་ཞེས་ཏེ། གང་ཡི་གེ་གཅིག་ཤེས་པ་དེ་ལྟ་བུ་ནི་འཇིག་རྟེན་ན་འདུལ་བ་འཛིནད་པ་ཡིན་ཏེ།




iiif viewer powered by OpenSeadragon

5b - 6b

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo