| e-texts navigator |
| Wylie |
69b1 ཕན་ཚུན་འགྲོ་བ་ལས་བྱིས་པ་དག་མཐོང་ནས་འདི་སྙམ་དུ་རྟོག་སྟེ། ཅི་བ་ཡང་ངམ། མ་ཧེ་འམ། འོན་ཏེ་བྱ་རྒོད་དམ་སྙམ་པ་ལས་དེའི་འོག་ཏུ་བྱིས་པ་ཡིན་པར་འོས་ཕྱིར་མཐོང་བ་དེ་བཞིན་དུ་ས་བཅུ་ཐོད
69b2 པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་། རང་གི་ལུས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་བཞིན་དུ་ཡོད་པར་འོལ་ཕྱིར་མཐོང་བར་ཟད་དོ།། དཔེར་ན། བྱང་ཆུབ་སེམས་དཔའི
69b3 གཟུགས་རས་ཆེན་པོ་ལ་བྲིས་པ་མཚན་མོ་མུན་པའི་ནང་དུ་བཀྲམ་པ་ལ། མྱི་མྱིག་ཡོད་པ་དག་གིས་བརྟགས་ན། ཅི་སངས་རྒྱས་ཀྱི་སྐུ་གཟུགས་ཤིག་ཡིན་ནམ། འོན་ཏེ་རས་དམར་པོ་ཞིག་ཡིན་ནམའོན་ཏེ
69b4 དབང་ཕྱུག་ཆེན་པོ་དང་ཚངས་པའི་གཟུགས་ཤིག་གམ་སྙམ་པ་ལས་དེའི་འོག་ཏུ་བྱང་ཆུབ་སེམས་དཔའི་གཟུགས་ཡིན་པར་འོལ་ཕྱིར་མཐོང་བ་དྲི་བཞིན་དུ་རིགས་ཀྱི་བུ་ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔ
69b5 སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་རང་གི་ལུས་ལ་དེ་བཞི་ན་གཤེགས་པའི་སྙིང་པོ་ཡོད་བཞིན་དུ་ཡོད་པར་འོལ་ཕྱིར་མཐོང་། བར་ཟད་དོ།། རིགས་ཀྱི་བུ་དེ་ལྟར་ན་དེ་བཞིན་གཤེགས་པའི
69b6 སྙིང་པོ་དེ་མཐོང་བར་ཤིན་ཏུ་དཀའ་སྟེ། དེ་བཞིན་གཤེགས་པའི་ཡུལ་ཡིན་གྱིཉན་ཐོས་དང་རང་སངས་རྒྱས་ཀྱི་ཡུལ་མ་ཡིན་ནོ།། རིགས་ཀྱི་བུ་དེ་ལྟར་ངའི་བསྟ་ནད་པ་ནི་མཁས་པས
69b7 རིག་པར་བྱས་པ་ཡིན་ཏེ། འཇིག་རྟེན་ཐམས་ཅད་དང་ཀྱི་འཐུན་དོ།། གསོལ་པ་གས་ཏེ་དེ་ཀཱ་ལགས་ནཱ། གའི་ཕྱོག་དང་ལྡན་པ་རྣམས་ཀྱིས་ཨ་འདྲ་བ་ཇི་ལྟར་བལྟ་བར་བགྱི་ལགས་པ། བཀའ་ལམ
69b8 ཁན་འདུ་ཤེས་མྱེད་འདུ་ཤེས་མྱིན་ཀཾ་གྷ་ནས་ཀྱང་ཇི་ལྟར་བལྟ་བར་བྱ། འདི་ནི་སངས་རྒྱས་ཉིད་ཀྱི་ཡུལ་ཡིན་གྱིས། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཡུལ་མ་ཡིན་ཏེ། དེ་དག་ཀས་ནི་མདོ་འདི
69b9 རྗེས་སུ་འཐུན་པ་ལས་ཡིད་ཆེས་པར་དཀའོ།། དེ་ལྟར་བྱ་ས་དང་དེ་དག་ཀྱང་ཡང་དག་པའི་ལྦ་བ་ཅན་ཏུ་འགྱུར་རོ།། རིགས་ཀྱི་བུ་དེ་ལྟ་ན་ཉར་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཡོངས་སུ་མྱ་འདས།