| e-texts navigator |
| Wylie |
69a1 ལེགས་པར་བརྟགས་འོལ་བྱི་མཐོང་བ་དེ་བཞིན་དུས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔལ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་། རང་གི་ལུས་ལ་སངས་རྒྱས་ཀྱི་ཁམས་ཡོད་བཞིན་དུ། ཡོད་པར་འོས་ཕྱིར་མའོ།
69a2 ཟད་དོ།། རིགས་ཀྱི་བུ་དཔེར་ན་རྒྱལ་པོའི་བུ་གཞོན་ནུ་སྐྱིད་དེ་བར་འདུག་པ་ཞིག། མཚན་ཡལ་ནངས་སུ་རོལ་པོ་ན་པོ་མངས་ཏེ་ཉི་མའི་འོད་ཀྱིས་མྱིག་ལ་ཝཱིགས་པར་གྱུར་པས། ལེགས་པར་བཏ།
69a3 ན་རང་ཀི་སྐ་རགས་འོས་བྱ་ཙམ་དུ་མཐོང་བ་དེ་བཞིན་དུ། ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔལ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་རང་གི་ལུས་ལ། སངས་རྒྱས་ཀྱི་ཁམས་ཡོད་པར་འོལ་ཕྱིར་མཐོང་བར་ཟད
69a4 དཔེར་ན་རྒྱལ་པོའི་ཞམ་བྲིང་ལ་ལ་ཞིག་མཚན་མོ་མུན་ནཀ་གི་སྤྲིན་སྟུག་པོས་འཁྲི་གས་པའི་ནང་ན་རྒྱལ་པོའི་ཕོ་བྲང་ནས་བྱུང་སྟེ། རང་གི་ཁྱིམ་དུ་འགྲོ་བ་ན་ཀློག་འགྱུར་བའི་སྐབས་སུ་ཀླང་ཁྲུ་བ
69a5 མདུན་ལོགས་ནས་འོང་བ་མཐོང་ནས་འདི་སྙམ་དུ་རྟོག་སྟེ། ཅི། སྤྲིན་ནམ་འོན་ཏེ་ཁྱིམ་འམ་སྒོ་གང་འམ། ཡང་ཐོག་ཅིག་ཀམ་སྟེ། པ་ཡིས་ལེགས་པར་བརྟགས་ན་འོལ་བྱིར་མཐོང་བ་དེ་བཞིན་དུ།
69a6 ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་རང་གི་ལུས་ལ་སངས་རྒྱས་ཀྱི་ཁམས་ཡོད་བཞིན་དུ་བདག་གི་ལུས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་བཞིན་དུ
69a7 འོལ་བྱིར་མཐོང་བར་ཟད་དོ།། དཔེར་ན་དགེ་སློང་ཚུལ་ཁྲིམས་སྲུང་བ་ལ་གུས་པ་ལ་ལ་ཞིག་གིས། ཆུ་སྲོག་ཆགས་མྱེད་པ་ལ་རང་གི་བློས་སྲོག་ཆགས་ཡོད་པར་མཐོང་ནས་འདི་སྙམ་དུ་རྟོག་སྟེ། ཅི་སྲོག་ཆགས་ཨཱི།
69a8 ནམ་འོན་ཏེ་རྡུལ་ཡིན་ནམ། ཡང་ན་གློ་བུར་འོངས་པའི་རྡུལ་ལམ། སྲོག་ཆགས་ཆགས་ཤིག་གམ། སྙམ་པ་ལས་ལེགས་པར་བརྟགས་ན་འོལ་བྱེར་མཐོང་བ་དེ་བཞིན་དུ་ས་བཅུ་ཐོབ་པའི་བྱང་ཆུབ་སེམས
69a9 སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་། རང་གི་ལུས་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་བཞིན་དུ། ཡོད་པར་འོལ་ཕྱིར་མཐོང་བར་ཟད་དོ།། དཔེར་ན་མྱིལ་ལ་ཞིག་སྔ་དྲོ་ལྷོ་འུམ་འཁྲིགས་པ་ན