| e-texts navigator |
| Wylie |
67b1 ངའི་ཁམས་ཀྱིས་བསྟན་བཅོས་ལ་འཇུག་པ་ནི་མཐོང་བར་དཀའ་བ་ཡིན་ནོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན་མྱི་ལ་ལ་ཞིག་གིས། ནམ་མཁའ་ལ་ངད་པ་སྦྲེངས་ཤིང་ལྡིང་བ་མཐོང་ལ། དེས་དེ་ལྟར
67b2 མཐོང་ནས་ཐེ་ཙོམ་སྐྱེས་ཏེ། ཅི་འདི་ནམ་མཁའ་ཡིན་ནམ། འོན་ཏེ་ངང་པ་ལྡིང་བ་ཡིན་ཞིག་ཀུ་སྙམ་ནས། དེས་ལེགས་པར་བརྟགས་ན་ངད་པ་ལྡིང་བ་ཡིན་པར་འོལ་བྱར་མཐོང་བ་དེ་བཞིན་དུ། ས་བཅུ
67b3 ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་། བདག་ཅག་གིས་རང་རང་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་འོལ་ཕྱིར་མཐོང་ངོ་སྙམ་ཏུ་སེམས་ན་ཉན་ཐོས་རང་རང་།
67b4 སངས་རྒྱས་ཐམས་ཅད་ཀྱིས་ལྟ་མཐོང་རེ་སྐན། དཔེར་ན་མྱི་ལ་ལམ་དུ་ཞུགས་པ་ལས། མཁྲིས་པ་འཞུགས་ཏེ་ཕྱོགས་སྒྲ་ད་ནས་ལེགས་པར་བརྟགས་ན་ལམ་དང་གཟུགས་འོལ
67b5 བྱིར་མཐོང་པ་དེ་བཞིན་དུ། ས་བཅུ་ཐོབ་པའི་བྱང་ཆུབ་སོ།། མས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་ལེགས་པར་བརྟགས་ན་རང་གི་ལུས་ལ་དེ་བཞིན་གཤེགས་པའི
67b6 སྙིང་པོ་བྱས་པ་མ་ཡིན་ནོ་ཡོད་ཀྱི་མཐོང་བར་ཟད་དོ།། དཔེ་རན་འདྲོན་པོ་ལ་ལ་ཞིག་སྐོམ་གྱིས་གདུངས་ནས། དབྱེ་དགོན་པ་ནི་ཆུ་མྱི་རྙེད་དེ། ཆུ་འདོད་ཅིང་འདུག་པ་ལས་ཤིང་ཁ་ན་བྱ་གང
67b7 འཁོད་པ་དག་མཐོང་ནས། ཅི་འདི་ཁང་བཟངས་ཤིག་ཡིན་ནམ། འོན་ཏེ་ནམ་མཁཱ་ཡཱི་སྒྲུ་བ་ལས། ལེགས་པར་བརྟགས་ན་བྱ་གང་ཡིན་པར་འོལ་ཁྱེར་མཐོང་བ་དེ་བཞིན་དུ། རིགས་ཀྱི་བུ་ས་བཅུ་ཐོབ་འི
67b8 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་རང་གི་ལུས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་བཞིན་དུ་ཡོད་པར་འོལ་ཕྱིར་མཐོང་བར་ཟད་དོ།། རིགས་ཀྱི་བུ་དཔེར་ན་རྒྱ་མཚོའི་གྲུར་ཞུགས
67b9 པའི་མྱིས་དཔག་ཚད་མང་པོ་ཞིག་ཀི་ཕ་རོལ་ནས་གྲོང་ཁྱིམ་གྱི་ནང་ན་ཁང་བཟངས་དཀར་པོ་ཞག་མཐོང་ནས་འདི་སྙམ་དུ་རྟོག་སྟེ། ཅི་འདི་ནམ་མཁའ་ཡིན་ནམ་ཁང་བཟངས་ཡིན་ཞིག་གུ་སྙམ་པ་ལས