e-texts navigator
Collection
Volume
Page
Wylie

67a1 བས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱ་བ་སྟེ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ཆེན་པོ་འདི་ལ་སློབ་པ་གང་ཡིན་པ་དེ་དག་ནི་ང་ལ་དྲིན་དུ་གཟོལ་བ་ཡིན་ནོ།། །
67a2 གསོལ་པ།། བཅོམ་ལྡན་འདས་ཀྱེ་མ་དེ་བཞིན་གཤེགས་པའི་སྙིང་པོ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་མ་ཐོང་བར་ཤིན་ཏུ་དཀའ་བ་དང་། རྗེས་སུ་ཤེས་པར་ཤིན་ཏུ་དཀའ་བ་དང་། བཟོད་པ
67a3 ཤིནད་ཏུ་དཀའ་བ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སཿལད་པ། རིགས་ཀྱི་བུ་དེ་ནི་དེ་བཞིན་ནོ།། རིགས་ཀྱི་བུ་དེ་ནི་དེ་བཞིན་ཏེ་ང་ཡང་དེ་ཁོ་ན་སྐད་ཟེར་རོ།། གསོལ་པ། ཇི་ལྟར་མཐོང་བར་དཀའ
67a4 བ་ལགས།། བཀའ་སཿལད་པ། རིགས་ཀྱི་བུ་དཔེར་ན། ལོང་བ་བརྒྱ་ཞིག་ཡོད་ལ། ལོང་བ་དེ་དག་མྱིག་མཐོང་བར་འདོད་པའི་ཕྱིར། སྨན་པ་ཆེན་པོ་མྱག་མཁར་ཞིག་གཉེར་ནས་སྨན་པ་དེས་དེ་དག
67a5 གི་མྱིག་དཔྱད་བྱས་སྟེ། དེ་དག་གི་མྱུག་བྲིས་གཡོག་པ་ཀས། ལ་ནས་རང་གི་སོར་མོ་གཅིག་བསྟནད་ཏེ། རེ་རེ་ལ་འདི་སྐད་དུ། ཀྱེ་མྱི་ཁྱོད་ཀྱིས་ངའི་སོར་མོ་ལྟོས་ཤིག་དང་། ཁྱོད་ཀྱི་དཔྱད
67a6 ལེགས་སམ་མ་ལེགས་པ་མངོན་ནོ་ཞེས་ཟེར་རོ།། དེ་ནས་ད་པྱད་བྱས་སུ་ཟིན་ཀྱང་དེའི་སོར་མོ་ཐབས་ཇི་སྐད་བསྟན་ཀྱང་། མྱི་དེས་མ་མཐོང་ངོ་།། དེ་ནས་ལན་གཉིས་ལན་གསུམ་གི་བར
67a7 དུ་བསྟནད་པ་དང་། དེ་ལུམ་མཐོང་སྟེ་མཐོང་བ་བཞིན་དུ་རིགས་ཀྱི་བུ་ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་སྦྱང་བའི་དཔྱད་ཐམས་ཅད་བྱས་པ་རྣམས་ཀྱང་དེ་དང་འདྲ་སྟེ།
67a8 དེ་ལྟར་ཡོངས་སུ་སྦྱངས་པ་བྱས་ཀྱང་མྱི་དེ་དང་འདྲ་བར་བདག་ཉིད་ལ། དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་ལན་གཉིས་ལན་གསུམ་གྱི་བར་དུ་ངས་བསྟནད་པ་དང་། དེ་ལུས་མཐོང་སྟེ་མཐོང་ནས་འདི་སྐད
67a9 ཅེས་ཟེར་ཏེ། བདག་ཅག་ཀྱང་ཡུན་འདི་སྲིད་ཀྱི་བར་དུ་བདག་མྱེད་པའི་འཁོར་ལོ་གཅིག་པུས་ཡོངས་སུ་བསྐོར་ན་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ལྟ་མཐོང་རེ་སྐན་ཞེས་ཏེ། རིགས་ཀྱི་བུ་དེ་ལྟར་ན




iiif viewer powered by OpenSeadragon

66b - 67b

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo