e-texts navigator
Collection
Volume
Page
Wylie

66b1 བཞིན་ཡིན་ཡོད་ཀྱི་ཉོར་མོངས་པའི་རྣས་པའི་ཉེས་པས་གཞན་དུ་སྣང་བར་གྱུརྡ་ཏོ།། དཔེར་ན་རྒྱ་མཚོའི་མུན་ལན་ཆའི་དོན་གཅིག་པུ་བྱེད་པར་ཟད་མོད་ཀྱི། ལན་ཙའི་དོན་གཅིག་པུ་བྱེད་པའོ་ཞེས་བརྗོད་པར་གྱི་བྱ་སྟེ།
66b2 རྒྱ་མཚོའི་ནང་ན་འོ་རྒྱ་མཚོ་ཞེས་བྱ་བ་ཡང་ཡོད་དོ།། གངས་ཀྱི་རི་ལ་སྨན་མོད་པའི་ཕྱིར་ཡོན་ཏན་ལས་སྨོས་ཏེ། གངས་ཀྱི་རི་ལེ་ནི་དུག་ཀྱང་ཡོད་མོད་ཀྱི། འོན་ཀྱང་སྨན་གཙོ་བར་སྨོས་པ་དེ་བཞིན་ཏུ། ལུས་འདི་ཡང་དེ་དང་འདྲ
66b3 སྟེ། སྦྲུལ་གདུག་པ་ལྟ་བུའི་ཁམས་བཞི་དུག་དང་ལྡན་མོད་ཀྱི། སྨན་ཀྱི་རྒྱལ་པོ་དེ་བཞིན་གཤེག་འི་རྒྱས་དེ་ཡོད་པས་ན། དེ་བཞིན་གཤེགས་པའི་སྙིང་པོ་ཐོག་མ་ནས་བཅོས་མ་མ་ཡིན་པའི་ཁམས་ཡིན་ལ། ཉོན་མོ།།
66b4 མོངས་པ་རྣམས་ནི་བློ་བུར་དུ་བྱུང་བ་ཡིན་ཏེ།། སངས་རྒྱས་སུ་འགྱུར་བར་འདོད་པ་སུ་ཡང་རུང་བ་རྣམས་ཀྱིས་ནི། ཉོན་མོངས་པའི་རྣམ་པ་རྣམས་གཞོམ་པར་བྱའོ།། དཔེར་ན་ནམ་མཁའ་ལས་འབྲུག་སྒྲ་གྲཀྵ་ར།
66b5 ཤ་མོ་མྱུར་རབ་ཏུ་སྐྱེ་བར་འགྱུར་ལ་སོས་ཀ་ནི་ཤེ་མོའི་མྱིང་ཡང་། མྱེད་དེ། འབྲུག་སྨྲས་འཐོན་པར་འགྱུར་བ་དེ་བཞིན་དུ། དེ་བཞིན་གཤེགས་པའི་སྙིང་པོ་ཡང་ཉོན་མོངས་པའི་རྣམ་པས
66b6 བསྒྲིབས་པས་བདག་བྱེད་པ་བཞིན་དུ་སྣང་ལ། མདོ་ཆེན་པོ་དེཐོབ་པ་ཀང་ཡིན་པ་དེ་དག་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་བོས་ཐོས་མ་ཐག་ཏུ། ཤ་མོ་བཞིན་དུ་དེ་བཞིན་གཤེགས
66b7 པའི་སྙིང་པོའི་ཤེས་པ་སྐྱེ་བར་འགྱུར་རོ།། མདོ་སྡེ་ཐམས་ཅད་དང་ཏིང་ངེ་འཛིན་ཐམས་ཅད་ནི་སོས་ཀའི་དུས་དང་འདྲའ་སྟེ། མདོའ་སྡེ་ཐམས་ཅད་དང་ཏིང་ངེ་འཛིནད་ཐམས་ཅད་ཐོས་པས་ནི། དེ་བཞིན་གཤེས
66b8 པའི་སྙིང་པོ་ཡོད་པར་ཡང་དག་པར་མྱི་ཞེས་སོ།། དབྱར་ཀྱི་དམ་ལག་མོ་སྐྱེ་བ་བཞིན་དུ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མེད་ཆེན་པོ་འདི་ལས། དགོངས་པའི་ཚིག་གསལ་བཟས་ཅད་འབྱུང་སྟེ།
66b9 མདོ་སྡེ་འདི་ཐོས་མ་ཐག་ཏུ་དབྱ་ཀྱི་ནམ་ལ་ན་མོ་སྐྱེས་པ་བཞིན་དུ། སེམས་ཅན་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་སྙིང་པ་ཡོད་པར་ཡང་དག་པར་ཤེས་པར་འགྱུར་རོ།། དེ་ལ་དོན་ཆེན་པོ་རྒྱས་ལ་བྱེད




iiif viewer powered by OpenSeadragon

66a - 67a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo