| e-texts navigator |
| Wylie |
65b1 ཤེས་རབ་ཅན་རྣམས་ཀྱིས་ནི་གཉི་སུ་མྱེད་པར་ཤེས་མོ་ཞེས་གསུངས་ཏེ།། དེ་ནི་གིས་རབ་ཅན་རྣམས་ཀྱི་རང་བཞིན་ཡིན་ནོ།། བྱིས་པ་རྣམས་ནི་ཆོས་ཐམས་ཅད་སྡུག་བསྔལ་བ་དང་། བདེ་བ་ཐ་དད་པ་ཀཱཉིས
65b2 སུ་བསྒོམ་པར་བྱེད་དོ།། ཤེས་རབ་ཅན་རྣམས་ནི་གཉིས་སུ་མྱེད་པར་བསྒོམ་མོ་ཞེས་གསུངས་ཏེ། དེ་ནི་ཤེས་རབ་ཅན་རྣམས་ཀྱི་རང་བཞིན་ཡིན་ནོ།། བྱིས་པའི་བློ་ཅན་རྣམས་ནི་དེ་བཞིན་གཤེགས་པའི་སྙི
65b3 པོ་ལ། འདུས་བྱས་ཐམས་ཅད་མྱི་རྟག་པའོ་ཞེས་བསྒོམ་པར་བྱེད་དོ།། ཤེས་རབ་ཅན་རྣམས་ཀྱིས་ནི་གཉིས་སུ་མྱེད་པར་ཤེས་སོ་ཞེས་གསུངས་ཏེ།། དེ་ནི་ཤེས་རབ་ཅན་རྣམས་ཀྱི་རང་བཞིན་ཡིན་ནོ།།
65b4 བྱིས་པ་རྣམས་ནི་སངས་རྒྱས་ཀྱིས་བདག་མྱེད་པར་གསུངས་པ་ཡ། ཆོས་ཐམས་ཅད་བདག་མྱེད་པར་འཛིན་ཏོ།། ཤེས་རབ་ཅན་རྣམ། ས་ཀྱིས་ནི་བདག་ཡོད་པ་དང་བདག་མྱེད་པ་གཉིས་སུ་མྱེད
65b5 པར་ཤེས་ཏེ། དེ་ནི་ཤེས་རབ་ཅན་རྣམས་ཀྱི་རང་བཞིན་ཡིན་ནོ།། དེ་བཞིན་གཤེགས་པའི་སྙིང་པོ་དཔག་ཏུ་མྱེད་པ་སངས་རྒྱས།། ཀྱིས་བསྔགས་པ་ནི་བསོད་ནམས་ཐམས་ཅད་བསྡུས་པའི
65b6 མདོལ་ལས་ངས་བསྟནད་ཏེ།། བདག་ཡོད་པ་དང་བདག་མྱེད་པ་གཉིས་སུ་མྱེད་པར་གཟུང་བར་བྱའོ།། རིགས་ཀྱི་ཐུབ་སོ་ནམས་ཐམས་ཅད་བསྡུས་པའི་མདོ་དང་། ཤེས་རབ་ཀྱི་ཕ
65b7 རོལ་ཏུ་ཕྱི་ནད་པའི་མདོའ་ཆེན་པོ་ལས་གཉིས་སུ་མྱེད་པ་ལ་འཇུག་པའི་སྣང་བ་དེ་ཉིད་ལས་བདག་ཡོད་པ་དང་བདག་མྱེད་པ་གཉིས་སུ་མྱེད་པར་ངས་བསྟནད་པ་དེ་རྗེས་སུ་དྲན་པར་གྱིས་ཤི་ཀ།། །།
65b8 བམ་པོ་བརྒྱུ་པའོ།། ། དཔེར་ན་འོ་མ་ལས་ཞོ་བྱུང་། ཞོ་ལས་མར་འབྱུང་། མར
65b9 ལས་ཞུན་མར་འབྱུང་། ཀུན་མར་ལས་མར་གྱི་སྙིང་ཁུ་འབྱུང་ན།། དེ་ལ་ཅི་འོདེ་ལོ་མའི་དངོས་པོ་དང་འགོ་མཉམ་དུ་བྱུང་བས། འོན་ཏེ་ཞུན་མར་རང་ཉིད་བྱུང་ངམ། དེ་བཞིན་དུ་མི་མ་དེའི་དངོས་པོ་དང་།