e-texts navigator
Collection
Volume
Page
Wylie

65a1 མྱེད་བསྟན་ན་ནི་བྱིས་པ་རྣམས་བསྟན་པ་བདག་མྱེད་དོ་སྙམ་དུ་འཛིནད་ཏོ།། ཤེས་རབ་ཅན་རྣམས་ཀྱིས་ནི་ཐ་སྙད་དུ་ཡོད་དོ་སྙམ་དུ་ཤེས་ཏེ།། ཐེ་ཙོམ་མྱེད་དོ།། དེ་བཞིན་གཤེགས་པའི་སྙིང་པོ།།
65a2 ནི་སྟོང་པ་ཡིན་ནོ་ཞེས་བསྟན་ན་ནི། བྱིས་པ་རྣམས་ཆད་པ་འཇིགས་སུ་རུང་བ་ཡོན་པོ་བསྒོམ་པར་བྱེད་དོ།། ཤེས་རབ་ཅན་རྣམས་ཀྱིས་ནི་རྟག་པ་དང་། བརྟན་པ་དང་། ཟེར་ཟུག་པ་དེ་སྒྱུ་མ་ཙམ་དུ་ཡོད་པ
65a3 ཤེས་སོ།། ཐ་རད་པ་བསྟན་ན་ནི་བྱོས་པ་རྣམས་སངས་རྒྱས་རྣམས་ཀྱིས་ཐ་དད་པ་བརྙེས་ནས་མྱེད་པར་འགྱུར་རོ་སྙམ་དུ་འཛིནད་ཏོ།། ཤེས་རབ་ཅན་རྣམས་ཀྱིས་ནི་སངས་རྒྱས་བྱོན་པ་དང་གཤེགས་པ་ཡོད་པར
65a4 ཤེས་ཏེ་མྱིའི་སེང་གེ་བྱོནད་ཏོ་ཞེས་ཟེར་རོ།། བྱིས་པ་རྣམས་ནི་མ་རིག་པའི་རྐྱེནད་ཀྱིས་འདུ་བྱེད་རྣམས་ཞེས་པར་བྱ་བ་ལ་ག་ཉི་ས་སུ་འཛིནད་ཏོ།། ཤེས་རབ་ཅན་རྣམས་ཀྱིས་ནི་མ་རིག
65a5 པ་དང་རིག་པ་ཐ་དད་པ་གཉིས་སུ་མྱེད་པར་ཤེས་སོ།། བྱིས་པ་རྣམས་ནི་འདུ་བྱེད་ཀྱི་རྐྱེདད་ཀྱིས་རྣམ་པར་ཤེས་པ་ཞེས་བ་ལ་གཉིས་སུ་འཛིནད་ཏོ།། ཤེས་རབ་ཅན་རྣམས་ཀྱིས
65a6 ནི་འདུ་བྱེད་རྣམས་དང་། འདུ་བྱེད་པ་མྱེད་པ་ཐ་དད་པ་གཉིས་སུ་མྱེད་པར་ཤེས་སོ།། དེ་བཞིན་དུ་བྱིས་པ་རྣམས་ནི་དགེ་བ་དང་། མྱི་དགེ་བ་ཐམས་ཅད་ལ་ཐ་དད་པ་གཉིས་སུ་འཛིནད་ཏོ།།
65a7 ཤེས་རབ་ཅན་རྣམས་ཀྱིས་ནི་གཉིས་སུ་མྱེད་པར་ཤེས་སོ་ཞེས་གསུངས་སོ།། བྱིས་པ་རྣམས་ཀྱིས་ནི་ཁ་ན་མ་ཐོ་བ་དང་ཁ་ན་མ་ཐོ་བ་མྱེད་པ་ལ་གཉིས་སུ་འཛིན་ཏོ།། ཤེས་རབ་ཅན་རྣམས་ཀྱིས་ནི་དེ་བཞིན
65a8 ཏུ་གཉིས་སུ་མྱེད་པར་ཤེས་སོ་ཞེས་གསུངས་ཏེ། དེ་ནི་ཤེས་རབ་ཅན་རྣམས་ཀྱི་རང་བཞིན་ཡིན་ནོ།། བྱིས་པ་རྣམས་ནི་ལམ་དང་ལམ་མ་ཡིད་པ་ཞེས་བྱ་བ་ལ་གཉིས་སུ་འཛིནད་ཏོ།། ཤེས་རབ
65a9 རྣམཔ་ནི་གཉིས་སུ་མྱེད་པ་ཤེས་སོ་ཞེས་གསུངས་ཏོ།། དེ་ནི་གས་རབ་ཅ་རྣམས་ཀྱི་རང་བཞིན་ཡིན་ནོ།། བྱིས་པ་རྣམས་ནི་ཆོས་ཐམས་ཅད་དག་པོ་དེང་དགཔ་པ་ཞེས་བྱ་བ་ཡི་གཉིས་སུ་འཛིན་།




iiif viewer powered by OpenSeadragon

64b - 65b

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo