e-texts navigator
Collection
Volume
Page
Wylie

64a1 ཀྱིས་བཀའ་སཿལ་པ། རིགས་ཀྱི་བུ་ལེགས་སོ། ལེགས་སོ།། ཤེས་རབ་རྣོན་པོས་ནི་དེ་ལྟར་བྱ་དགོས་སོ།། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ལ་འཇུག་པ་ངས་བ
64a2 པར་བྱའོ།། གལ་ཏེ་བདག་བརྟན་པ་དང་། ཐེར་ཟུག་པ་ཡིན་ན་ནི་སྡུག་བསྔལ་གྱི་མཐའ་ཡོད་པར་མྱི་འགྱུར་ལ། གལ་ཏེ་བདག་མྱེད་ན་ཡང་ཚང་པར་སྤྱོད་པ་ཐམས་ཅད་དོན་མྱེད་པར་འགྱུར་རོ།། ཆོས་ཐམས་ཅད
64a3 བདག་མྱེད་པ་ཡིན་ན་ནི། དེ་ལྟར་ན་ཆད་པར་ལྟ་བར་འགྱུར་ལ། བདག་བརྟན་པ་ཡིན་ན་ནི་རྟག་པར་ལྟ་བར་འགྱུར་རོ།། ཆོས་ཐམས་ཅད་མྱི་རྟག་པ་ཡིན་ན་ནི་དེ་ལྟ་ན་ཆད་པར་འགྱུར་ལ། ཆོས་ཐམས་ཅད་རྟག་པ
64a4 པ་ཡིན་ན་ནི། རྟག་པར་ལྟ་བར་འགྱུར་རོ།། ཆོས་ཐམས་ཅད་སྡུག་བསྔལ་བ་ཡིན་ན་ནི་ཆད་པཱ་སྟ་ལྔ་འགྱུར་རོ།། ཆོས་ཐམས་ཅད་བདེ་བ་ཡིན་ན་ནི་རྟག་པར་ལྟ་བར་འགྱུར་རོ།། ཆོས་ཐམས་ཅད་རྟག
64a5 པར་བསྒོམ་ན་ནི། ཆད་པར་འཛིནད་པར་འགྱུར་ལ།། ཐམས། ཅད་ཆད་པར་བསྒོམ་ན་ནི། མྱུར་ཏུ་རྟག་པར་འཛིནད་པར་འགྱུར་རོ།། དཔེར་ན་སྲིན་བུ་པད་པ་རྣམས་མྱིའི་མགོ་བོ་ལ་མྱུར་ཏུ་ཟ་ཞིང་མྱུར
64a6 ཏུ་གཅིག་ཤོས་འདོད་པ་བཞིན་དུ། རྟག་པར་བསྒོམ་ན་ནི་ཐམས་ཅད་འཛིན་པས་སྲིན་བུ་བད་པ་བཞིན་དུ་འགྱུར་རོ།། དེ་བས་ན་མྱི་དགེ་བའི་ཆོས་གཞན་དག་ནི་སྡུག་བསྔལ་བར་བསྒོམ་པར་བྱའོ།། དགེའ
64a7 བའི་ཆོས་གཞན་དག་པ་ནི་བདེ་བར་བསྒོམ་པར་བྱའོ།། ཉོན་མོངས་པའི་རྣམ་པ་ལ་སྩོགས་པའི་ཆོས་གཞན་དག་ལ་ནི། བདག་མྱེད་པར་བསྒོམ་པར་བྱའོ།། མྱ་ངན་ལས་འདས་པ་ལ་གཞི་དང་གནས་མྱེད་པའི་ཕྱིར
64a8 དེ་བཞིན་གཤེགས་པའི་སྙིང་པོ་ལས་སྩོགས་པ་གཞན་དག་ལ་ནི། བདག་ཡོད་པར་བསྒོམ་པར་བྱའོ།། ལོངས་སྤྱོད་ལས་བསྩོགས་པ་ཆོས་གཞག་ལ་ནི་མྱི་རྟག་པར་བསྒོམ་པར་བྱའོ།། དེ་བཞིན་གཤེགས་པའི་ཆོས
64a9 ལས་སྩོགས་པ་ཆོས་གཞན་དག་ལ་ནི་རྟག་པར་བསྒོམ་པར་བྱའོ།། གཞི་གསུམ་དང་ཐ་རད་པའི་དེ་ཁོ་ན་ཉིད་ནི་སྲིན་བུ་པད་མ་ཟ་བ་ལྟ་བུ་མ་ཡིན་ནོ།། སངས་རྒྱས་ཀྱི་གསུང་ནི་དབུ་མའི་ལམ་ཡིན་ནོ་ཞེས་ཤེས་པ




iiif viewer powered by OpenSeadragon

63b - 64b

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo