| e-texts navigator |
| Wylie |
63a1 སྐྱབས་སུ་འོང་བར་ཤོག་ཤིག་ཅེས་གྱིས་ཤིག། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་བྱིས་པ་རྣམས་ལ། སྡིག་པའི་ཕུང་པོ་ཟད་མྱི་ཤེས་པ་ལྟ་བུ་ཡང་ཡིན།།
63a2 མཁས་པ་རྣམས་ལ་ནི་དེ་དག་ཉིད་སངས་རྒྱས་ལྟ་བུ་ཡང་ཡིན་ནོ།། དཔེར་ན་དཔའ་བོ་ཡང་དག་པ་ནི་གཡུལ་དུ་འཐབ་པ་ན་འདི་སྙམ་དུ་སེམས་ཏེ། བདག་གིས་དཔའོ་ཐམས་ཅད་ཕམ་པར་བྱས་ནས། ཐམས་ཅད
63a3 བདག་ལ་སྐྱབས་སུ་འོང་བར་བྱའོ་སྙམ་དུ་སེམས་པ་དང་། དཔེར་ན་རྒྱལ་པོའི་བུ་ནི་རྒྱལ་པོའི་རྗེ་བོའི་སྐྱབས་རྒྱལ་པོའི་བུ་ཐམས་ཅད་ལས་འདས་པར་བྱས་ཏེ།། བདག་གིས་རྒྱལ་པོ་བྱའོ།། བདག་རྒྱལ་པོའི་བུ་ཐམས
63a4 ཅད་ཀྱི་མངའ་བདག་ཏུ་འགྱུར་བར་བྱའོ།། བདག་ལ་དེ་དག་སྐྱབས་སུ་འོང་བར་བྱའོ།། བདག་གིས་དམན་པའི་སེམས་བསྐྱེད་པར་མྱི་བྱའོ་སྙམ་དུ་སེམས་པ་ལྟ་བུ་སྟེ། དཔའ་བོ་རྣམས་དང་། རྒྱལ་པོ་དང་བློན
63a5 པོ་ཡང་རུང་སྟེ། ནད་ཏུ་མཆོག་ཏུ་གྱུ་རད་པས་ཁྱད་པར་དུལ། པགས་པ་དེ་ལྟ་བུའི་རང་བཞིན་ཅན་རྣམས་ནི།། རང་གི་ཡོན་ཏན། འཚམ་པའི་བྱ་བ་སྒྲུབ་པར་བྱེད་དོ།། རིགས་ཀྱི་བུ་དེ་བཞི
63a6 དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཞི་གསུམ་ལས་འདའ་བར་འགྱུར་བའི་སེམས་དང་ལྡན་པ་ཡིན་ནོ།། དེ་བ་ས་ན་རྒྱལ་པོའི་བུ་དང་དཔའ་བོ་བཞིན་དུ་མྱི་འཇིགས་པར
63a7 སྙིང་སྟོབས་སྐྱེད་ཅིག་དང་། ངས་གཞི་གསུམ་ཐ་དད་པ་མྱེད་པ་དང་། གསུམ་གྱི་ནང་ན་དེ་བཞིན་གཤེགས་པ་དམ་པ་ཡིན་པར་ངས་བསྟནད་ཏོ།། ལུས་ཐམས་ཅད་ཀྱི་ནང་ན་མགོ་བོ་གམོ་བོ་ཡིན་པ་དེ་བཞིན་དུ
63a8 སངས་རྒྱས་ཉིད་གཙོ་བོ་ཡན་ལ།། ཇི་ལྟར་ལུས་ལས་མགོ་བོ་ཀུད་ན་འདུག་པ་ཡང་མ་ཡིན། ལག་པ་གུད་ན་འདུག་པ་ཡང་མ་ཡིན།། རྐང་པ་གུད་ན་འདུག་པ་ཡང་མ་ཡིན་པ་དེ་བཞིན་དུ།། སངས་རྒྱས
63a9 ཀུད་ན་འདུག་པ་ཡང་མ་ཡིན། ཆོས་ཀུ་ན་འདུག་པ་ཡང་མ་ཡིན། དགེ་འདུན་ཀུད་ན་འདུག་པ་ཡང་མ་ཡིན་ནོ།། འོན་ཀྱང་ཐ་དད་དུ་དབྱེ་བ་ནི་བྱིས་པ་རྣམས་ངེས་པར་བསྒྲལ་བའི་ཕྱིར། ཐེམ་སྨྲས་དང་།