e-texts navigator
Collection
Volume
Page
Wylie

62b1 ནི་མཆི་བར་བགྱི།། གལ་ཏེ་བདུད་ནི་བདུད་ཡི་དང་ཐོ་ལད་ཀྱང་།། སྲིད་པ་དག་ནི་བསྐྱབས་ཀྱི་མཆིལ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སཿལད་ཏོ།། ཁྱོད་བྱིམ་པ་པ་ཉིད་ཐོས་ཀྱི་ཐེག་པ་པ་བཞིན།
62b2 དུ་མ་འཛིན་ད་ཅིག། གཅིག་པུ་ལ་སྐྱབས་སུ་སོང་ཤིག།། ཡེ་ཤེས་འདི་ལ་སྐྱབས་གསུམ་མྱེད་དེ། ཆོས་དང་དགེ་འདུན་འདུ་བ་ཡང་མྱེད་དོ།། སངས་རྒྱས་ཉིད་ཆོས་ཀྱང་ཡིན།། དགེ་འདུན་ཡང་ཡིན་ཏེ།། དེ་བཞིན་གཤེས
62b3 པ་ཉིད་གཞི་གསུམ་པ་ཡིན་ནོ།། ཉན་ཐོས་ཀྱི་ཐེག་པ་ལས་ནི་བྱིས་པ་རྣམས་ཀྱི་འཇིག་རྟེན་པའི་ལྟ་བ་བསམ་པའི་ཕྱིར་གཞི་གསུམ་པ་བཞག་གོ།། ཀལ་ཏེ་ཁྱོད་འཇིག་རྟེན་པ་དང་འཐུན་པར་བྱེད་ཀྱང་། དེའི་ཚུལ་གྱིས་སྐྱབ
62b4 གསུམ་གྱི་གཞིར་འགྲོ་བར་གྱིས་ལ།། བདག་སངས་རྒྱས་ལ་སྐྱབས། སུ་སོང་ནས་སྐུ་གཅིག་པུར་གྱུར་ད་ཅིག། དེ་ནས་སངས་རྒྱས་ཉིད་དུ་གྱུར་ནས།། དེ་བཞིན་གཤེགས་པའི་རླབས་བྱེད་པར་གྱུར་ད་ཅིག།
62b5 དེ་བཞིན་གཤེགས་པ་དང་མཉམ་པར་གྱུརྡ་ནས།། བདག་སངས། རྒྱས་རྣམས་ལ་ཐལ་མོ་བདུད་པར་མྱི་བྱའོ།། བདག་སེམས་ཅན་ཐ། མས་ཅད་ཀྱི་སྐྱབས་ཆེན་པ་ལྟ་བུར་གྱུར་ད་ཅིག། བདག་གིས་ཆོས
62b6 ཀྱི་སྐུ་ཡང་མྱི་མཉམ་པར་སངས་རྒྱས་ཀྱི་ཁམས་དང་། མཆོད་རྟེན་ལ་ཕྱག་བྱའོ།། ཕྱག་བྱེད་མྱི་འདོད་པའི་སེམས་ཅན་ཐམས་ཅད་ཀྱི་མཆོད་རྟེན་ལྟ་བུར་བདག་གྱུར་ད་ཅིག། བདག་གིས་ལུས་སེམས་ཐམས
62b7 ཅད་ཀྱིས་ཕྱག་བྱ་བའི་གནས་སུ་གྱུར་ཅིག། བདག་ཆོས་ལ་སྐྱབས་སུ་སོང་ནས།། ཆོས་ཀྱི་སྐུར་གྱུར་ད་ཅིག། དེ་ཁོ་ན་ཉིད་མ་ཡིན་པའི་ཆོས་སྒོམ་པའི་སེམས་ཅན་ཐམས་ཅད་བདག་གིས་མདའ་གཅིག་ནས་གཅིག་ཏུ་རྒྱ
62b8 པ་བཞིན་དུ་བྱེད་པར་གྱུརྡ་ཅིག།། བདག་དགེའ་འདུན་ལ་སྐྱབས་སུ་སོང་ནས། སྦྲང་བུ་དང་འདྲ་བའི་དགེལ་འདུན་རྣམས་ཀྱི་སྐྱབས་ལྟ་བུར་གྱུརྡ་ཅིག། བདག་སྐྱབས་སུ་འགྲོ་བ་ལ་འཇུག་པའི་ཚུལ་གྱིས་སེམས་ཅན
62b9 རྣམས་ཀྱི་སངས་རྒྱས་དང་ཆོས་དང་དགེ་འདུན་ལྟ་བུར་གྱུརྡ་ཅིག། བདག་དམུས་ལོང་འདྲ་བའི་དགེ་འདུན་རྣམས་ཀྱི་མྱིག་ལྟ་བུར་གྱུར་ད་ཅིག། བདག་ལ་ཉན་ཐོས་དང་རང་སངས་རྒྱས་སྦྲང་བུ་དང་འདྲ་བ་ཐམས་ཅད




iiif viewer powered by OpenSeadragon

62a - 63a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo